Skip to main content
Making on the Tibetan Plateau
ལག་བཟོ།མདོ་དབུས་མཐོ་སྒང་གི་བཟོ་སྐྲུན།

ཐང་ཀ་བཟོ་བའམ་ཡང་ན་རྩིད་པ་ནས་གྱོན་ཆོས་བཟོ་བ་སོགས་ཀྱི་བཟོ་སྐྲུན་ནི་བོད་མི།འཚོ་བའི་ནང་ཆེས་གལ་ཆེ་བའི་ཆ་ཞིག་རེད།མདོ་དབུས་མཐོ་སྒང་ན་ལག་རྩལ་མཁས་པ་སྟེ་ཐགས་འཐག་མཁན།ལི་མ་བཟོ་མཁན།མགར་བ།རྫ་ནག་བཟོ་མཁན་སོགས་ལག་རྩལ་བ་སྣ་ཚོགས་ཡོད།ཡིན་ཡང་བཟོ་སྐྲུན་ནི་སྲོལ་རྒྱུན་གྱི་ལག་རྩལ་འདི་དག་མ་གཏོགས་པའི་ཉིན་རྒྱུན་འཚོ་བའི་ནང་དངོས་པོ་བཟོ་བ་སོགས་ཡང་འདུས་ཡོད།ཞིང་བ་དང་འབྲོག་པ་མང་པོ་ཞིག་ཡང་བཟོ་མཁན་ཡིན་ཏེ།ཁོང་ཚོའི་ཕ་མེས་ནས་བརྒྱུད་པའི་བཟོ་སྐྲུན་གྱི་ཤེས་བྱ་དང་ལག་རྩལ་སོགས་བརྒྱུད་འཛིན་བྱས་ཡོད།དཔེར་ན་ཁོང་ཚོའི་སྦྲ་གུར་དང་།ཐག་པ།མར་སོགས་ཕ་མེས་ནས་བརྒྱུད་པའིཤེས་བྱ་དང་ལག་རྩལ་བེད་སྤྱོད་བྱས་དེ་བཟོ་བཞིན་ཡོད།ཞིང་གྲོང་དག་གྲོང་ཁྱེར་ཅན་དུ་འགྱུར་བཞིན་པའི་དུས་སྐབས་འདིར་བོད་ཀྱི་ལག་ཤེས་འདི་དག་ནི་གཞོན་པ་ཚོའི་གྲོང་ཁྱེར་ནང་དུ་ལས་ཀ་དང་འཚོ་རྟེན་བྱེད་ཐབས་གཙོ་བོར་ཡང་གྱུར་ཡོད།

ལག་བཟོ།མདོ་དབུས་མཐོ་སྒང་གི་བཟོ་སྐྲུན་ཞེས་པ་ནི་བོད་རྒྱ་དབྱིན་སོགས་སྐད་རིགས་གསུམ་ཅན་གྱི་དྲ་ཐོག་གི་འགྲེམས་སྟོན་ཞིག་ཡིན།འདི་ནི་ཨ་རིའི་སི་མེ་ཟོ་ཉན་དམངས་སྲོལ་དང་རིག་གནས་ཤུལ་བཞག་རྒྱུད་འཛིན་ལྟེ་གནས་གྱིས་བཟོས་བ་ཡིན་ལ།འགྲེམས་སྟོན་གྱི་རྒྱུ་ཆ་གཙོ་བོ་ནི་སི་མེ་ཟོ་ཉན་དམངས་སྲོལ་དང་རིག་གནས་ཤུལ་བཞག་རྒྱུད་འཛིན་ལྟེ་གནས་གྱི་རྒྱུ་ཆ་གསོག་ཉར་ཁང་ན་ཉར་ཚགས་བྱས་ཡོད་པའི་མི་སྡེ་གཙོ་བཞག་གི་ལས་གཞི་གཉིས་ཀྱི་ཞིབ་འཇུག་རྒྱུ་ཆ་བཀོད་སྤྱོད་བྱས་པ་ཡིན་ཏེ།འབྲོག་པའི་རྫས་ཡོད་རིག་གནས་བསྡུ་འཇུག་ལས་གཞི་དང་ལག་རྩལ་མཁས་པའི་རིག་རྩལ་བསྡུ་འཇུག་ལས་གཞི་གཉིས་ཀྱི་རྒྱུ་ཆ་བཀོད་ནས་བཟོས་པ་ཡིན།ལས་གཞི་འདི་དག་ནང་གཙོ་བོ་ཞིང་གྲོང་ནས་གྲོང་ཁྱེར་དུ་གནས་ཡུལ་སྤོ་བཤུལ་བྱེད་བཞིན་པའི་ལོ་རྒྱུས་དུས་མཚམས་ནང་གི་དེང་རབས་བོད་ཀྱི་འཚོ་བའི་རྒྱུ་ཆ་སྟེ།སྲོལ་རྒྱུན་གྱི་འཚོ་བ་ཡོད་པ་མ་ཟད་།དེང་གི་འགྱུར་ལྡོག་བྱུང་བཞིན་པའི་དུས་སྐབས་འདིའི་ནང་དུ་མི་སྒེར་རམ་ཡང་ན་མི་སྡེ་ཞིག་གིས་ཅི་ལྟར་འགྱུར་ལྡོག་དེ་ལ་བསྟུན་པའི་རྒྱུ་ཆ་སོགས་ཡང་ཡོད།

འགྲེམས་སྟོན་འདི་གཙོ་བོ་ས་གནས་གཞིར་བཞག་གི་ཐབས་ལམ་སྤྱད་ནས་བཟོ་སྐྲུན་ནམ་བཟོ་བའི་སྲོལ་རྒྱུན་དེ་རིག་གནས་དང་ས་བཤད་ཀྱི་སྐབས་དོན་ཀྱིས་སྡེ་ཚན་ལྔ་ལ་བགོས་ནས་འགྲེམ་སྟོན་བྱས་ཡོད་དེ། སྦྲ་གུར་ནང་། རྫ་ལུང་རི་ལུང་། མཆོད་ཁང་ནང་། གྲོང་ཁྱེར་ནང་། གནས་ཡུལ་སྤོ་བཤུད་བཅས་ཡིན།གུས་ཀྱིས་གཡས་ཕྱོགས་ཀྱི་འགྲེལ་མཐུད་དེ་བསྣན་དེ་འབྲེལ་ཡོད་རྩོམ་ཡིག་དང་།འདྲ་པར།བརྙན་པར་སོགས་ལ་བལྟ་རོགས།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.