Skip to main content
ཕྱུགས་ཟོག་འཚོ་སྐྱོང་།
Namgyal Tsepak

འབྲོག་པར་མཚོན་ན། ཕྱུགས་ཟོག་འཚོ་སྐྱོང་ནི་ལས་ཀའི་སྲོག་ཤིང་ལྟ་བུར་གྱུར་ཡོད། རྩྭ་སཱའི་བཟང་ངན་ལྟར་འབྲོག་པ་ཚོ་རྩྭ་ས་གནས་སྦོར་བྱེད་པ་ཡིན། རྩྭ་ས་བཟང་བའི་སྟེང་ནོར་ལུག་འཚོ་སྐྱོང་བྱས་ཚེ་འོ་མ། མར། ཆུར་བ་སོགས་ཀྱ་འབབད་ཚད་ཀྱང་མཐོ་རུ་འགྲོ་ལ། ཕྱུགས་ཟོག་གི་སྤུས་ཀ་དང་ཤ་སོགས་ཀྱང་ཇེ་བཟང་དུ་འགྲོ་ཐུབ་པས། དེ་བཞིན་དུ་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་ཀྱང་ཇེ་ལེགས་སུ་འགྲོ་བའོ། འབྲོག་པའི་འཚོ་བ་ནི་གཙོ་བོ་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ཀ་དེ་ཡིན་ལ། དེ་ཁྱིམ་ཚང་གི་རྒྱུ་འབྱོར། སྤྱི་ཚོགས་གོ་གནས། ཀུན་སྤྱོད་ལྟ་བ་སོགས་ཇེ་ལེགས་སུ་གཏོང་བར་ཤུགས་རྐྱེན་བཟོ་ཐུབ། གཞང་ཡང་། ཕྱུགས་ཟོག་འཚོ་སྐྱོང་དེ་འབྲོག་པའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ནོ། ཕྱུགས་ཟོག་འཚོ་སྐྱོང་གི་ལས་ཀ་དང་དེའི་གལ་ཆེན་རང་བཞིན་ལ་གཞིགས་ནས། ནོར་ནག་དེ་ཆེས་རྩ་ཆེན་དུ་བརྩི་བ་ཡིན་པས། རྒྱུན་དུ་གཡག་དང་འབྲི་སོགས་ལ་ནོར་ཅེས་འབོད་པ་ཡིན། འབྲི་གཡག་དང་ནོར་ནག་དེ་འབྲོག་པའི་ཕྱུགས་ཟོག་ཁོ་ན་མ་ཡིན་ཏེ། ལུག རྭ་མ། རྟ། ད་དུང་ཕག་སོགས་ཀྱང་རྒྱུན་ལྡན་དུ་འཚོ་སྐྱོང་བྱེད་པའི་སྒོ་ཟོག་གི་གྲས་ཡིན། ལུག་དེ་ནོར་ནག་བཞིན་རྩྭ་ཐང་ནས་འཚོ་སྐྱོང་བྱས་པས་འཐུས། དེ་ལས་ལྡོག་སྟེ། རྭ་མ་དེ་རྩི་ཤིང་མེད་ས་དང་། ཤིང་སྐམ་དང་ལོ་མ། རྩད་པ་སོགས་ཟ་རྒྱུ་དགའ་བས་བྲག་དང་སྒང་སོགས་སུ་འཚོ་དགོས། གང་ལྟར། གཡང་ལུག་ནི་ནོར་ནག་བཞིན་འབྲོག་པའི་སྒོ་ཟོག་གལ་ཆེན་ཞིག་ཡིན། ལུག་གིས་བལ་དང། ལུག་ཤ། པགས་པ་སོགས་མཁོ་སྤྲོད་བྱེད་ལ། ལུག་པགས་དེའང་བོད་ཚར་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་དེ་ཡིན། ལུག་བལ་ལ་རྒྱུ་སྤུས་ལེགས་པ། འཐེན་རྒྱུང་བྱེད་རུང་བ། མདངས་ཡག་པ། འཇམ་མཉེན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་ས་གདན་བཟོ་བྱེད་རྒྱུ་ཆའང་ཆེས་ལེགས་ཤོས་དེ་ཡིན། བོད་བྱང་ཤར་ས་ཁུལ་དུ་རྟ་ཡང་ཕྱུགས་ཟོག་འཚོ་སྐྱོང་གི་རིག་གནས་ཁྱོད་གོ་གནས་གལ་ཆེན་བཟུང་ཡོད། ཡིན་ཡང་། རྟའི་གྲངས་ཀ་དེ་ཧ་ཅང་ཉུང་བ་དང་། རྒྱུན་པར་སྐྱེལ་འདྲེན་ཡོ་ཆས་ཀྱི་ཚུལ་དུ་བཀོལ་བ་དང་། ཆོས་ལུགས་རིག་གནས་ཀྱི་ཆོ་ག་དང་རྟ་རྒྱུགས་རྒྱན་འཇོག་སོགས་ཀྱི་སྐབས་སུ་འགངས་ཆེ་བའི་གྲུབ་ཆ་ཞིག་ཏུ་བརྩི་བ་ཡིན།

གཟུགས་མཐོང་བརྙན་པར།

ཕྱུགས་ཟོག་འཚོ་སྐྱོང་བྱེད་དུས་ཀྱི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན་ནོ། ནོར་ལུག་དང་མི་འདྲ་བར་རྟ་ལ་ཤ་དང་འོ་མ་སོགས་ཀྱི་ཐོན་ཁུངས་མེད། རྟ་ཡི་བང་རྩལ་མྱུར་བ་དང་རྟ་རྒྱུགས་སོགས་སྤྲོ་སྣང་སྐྱེད་བྱེད་ཀྱི་རིན་ཐང་ལྡན་པས་ན། ཕལ་ཆེར་འབྲོག་ཁྱིམ་མང་ཆེ་བར་རྟ་ཡོད། སྐྱ་རྩལ་ནི་རྟ་རྒྱུགས་འགྲན་བསྡུར་ཁྲོད་ཀྱི་ལུས་རྩལ་གལ་ཆེན་ཞིག་ཡིན་པ་དང་། ལྡེམ་མྱུར། རྟ་ཁ་འདུལ་བ། རྟ་ལ་བྱམས་པ་བཅས་ཀྱི་ཁྱད་ཆོས་ལྡན་དགོས། གོང་སྨྲས་ཀྱི་རྟ། ནོར། ལུག རྭ་མ་དང་མི་འདྲ་བར། ཕག་ལ་རྩོད་ཉོག་ཅན་གྱི་ལྟ་ཚུལ་བཟུང་ཡོད། སྤྱིར་ན། ཨ་མདོའི་ས་ཁུལ་གྱི་འབྲོག་པ་དང་རོང་མ་འབྲོག་གི་ཚོ་བ་ལ་ལས་ཤ་ཟོག་གི་ཚུལ་དུ་གྲངས་ཀ་ཉུང་ཉུང་རེ་འཚོ་སྐྱོང་བྱེད་པ་ཡིན་མོད། འབྲོག་པ་མང་ཆེ་བས་ཕག་ཤ་དེ་མི་གཙང་བའི་ཟས་ཡིན་པར་རློམ་ནས་བཟས་མི་རུང་བར་མཐོང་ཡོད།

འགྲེམས་སྟོན་ཁང།

Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.