འབྲོག་པའི་འཚོ་བའི་ཁྲོད་ནོར་ལུག་འཚོ་སྐྱོང་གི་རིག་གནས་དེས་གོ་གནས་ཧ་ཅང་གལ་ཆེན་ཞིག་བཟུང་ཡོད་ལ། དེ་ཡང་ནོར་ལུག་གི་ཐོན་རྫས་འཛད་སྤྱོད་བྱེད་ཐུབ་པའི་རྒྱུ་རྐྱེན་ཁོ་ན་མ་ཡིན་པར། དེས་ཚོང་ཟོག་བརྗེ་རེས་སོགས་ལ་འབྲེལ་བ་ཡོད། དེས་རོང་འབྲོག་ཕན་ཚུན་བར་གྱི་གཅིག་ལ་གཅིག་བརྟེན་གྱི་ཚོང་ལས་འབྲེལ་བ་དེ་མཚོན་གྱི་ཡོད། བོད་པའི་མགྱོགས་ཟས་རྩམ་པ་ནི་འབྲོག་པ་རོང་ལ་བརྟེན་པ་དང་དེ་མིན་མི་རིགས་གཞན་དག་བར་དུ་གནས་བའི་ཚོང་ཟོག་བརྗེ་རེས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་ནོ། རྩམ་པ་ནི་བོད་མིའི་རིག་གནས་དང་འབྲེལ་བ་དམ་པོ་ཡོད། བོད་པ་ཚོ་མིང་གཞན་དུ་རྩམ་ཟ་མཁན་ཞེས་ཀྱང་འབོད་པ་ཡིན། རྩམ་པ། ནོར་ནག (བོད་མི་ཚོ་ལ་ནོར་ནག་གི་བདག་པོ་རུ་འབོད།)དང་གངས་རི(བོད་ཡུལ་ལ་ཁ་བའི་ལྗོངས་སུ་འབོད་པ།) ་བཅས་ཀྱིས་བོད་མིའི་རིགས་གནས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། རྩམ་པའི་ནང་གི་གྲུབ་ཆ་གཙོ་བོ་ནི་མཐོ་སྒང་ནས་ནག་མར་དང་འོ་ཇ་ཡང་ན་ཆུ་སོགས་ཡིན། འབྲོག་པར་མཚོན་ན་ཉེ་འཁོར་གྱི་རོང་པ་ཚོ་དང་བརྗེ་ཚོང་བྱས་ནས་ནས་ནག་ཉོ་བ་དང་། རྒྱུན་པར་ཚུར་ཉོས་བའི་ནས་དེ་བརྔོས་ཟིན་པའི་ནས་ནག་རྐྱང་རྐྱང་ཡིན། གང་ལྟར། འབྲོག་པ་ཚོས་ནོར་ལུག་སྒོར་མོ་བརྗེ་བའམ་ཡང་ན་ནས་དང་རྩམ་སྐྱ་ལ་བརྗེ་རེས་བྱེད། ཡང་ལ་ལས་ཐད་ཀར་ཕྱུགས་ལས་ཀྱི་ཐོན་རྫས་གཞན་དག་ལ་བརྗེ་བའང་ཡོད། ཁྱད་ལྡན་རྩམ་པའི་ནང་དུ་ཀ་ར་བསྲེས་བ་དང་། ཀ་རའང་དངོས་ཟོག་བརྗེ་རེས་བྱས་ནས་ཡོང་བའོ།འོ་མའི་ཐོན་རྫས་དེ་ཐོག་མར་འོ་མ་གསོག་པ་དང་དེ་ནས་ཕྱུར་ཁུ་བྱུང་བ་སོགས
བརྟེན་ནས་བཟོས་བ་ཡིན་ལ། འདིའི་གོ་རིམ་ཚང་མ་བུད་མེད་གཅིག་པུའི་ཡོངས་སུ་ཐོན་སྐྱེད་བྱས་བ་ཡིན། དང་པོ། བུད་མེད་ཚོས་འབྲི་མོ་དང་ཡང་མཛོ་མོའི་འོ་མ་བཞོ་བ་དང་། འོ་མའི་ཚད་ལོང་རྗེས་མཚན་གང་བོར་ཉར་འཚག་བྱེད་པ་ཡིན། ཉིན་གཉིས་པར། འོ་མ་བསྐོལ་ནས་དྲོད་འཇམ་ཚད་རན་དུས་འོ་མ་ཡོད་ཚད་འོ་དཀྲུགས་ཟོ་བའི་ནང་ལྡུག་པ་ཡིན། འོ་དཀྲུགས་ཟོ་བ་དེ་ཁ་ལེབ་ཀྱིས་ཁ་དམ་པོར་བཅད་ཡོད་པ་དང་། དེ་ནས་འོ་ཟོ་དེ་མིའི་རིང་ཚད་དང་མཉམ་པའི་དབྱུག་གུ་རྩེ་ན་རྒྱ་གྲམ་དབྱིབས་ཅན་གྱི་པང་ལེབ་ཅན་ཞིག་གིས་ག་ལེར་དཀྲུགས་པ་ཡིན། ཟོ་བའི་ཁ་དམ་པོར་རྒྱབ་རྗེས། ཁྱིམ་ཚང་ནང་ནི་བུད་མེད་ཚོས་དཀྲུགས་ཤིང་བཟུང་ནས་ཡར་འཐེན་མར་འཐེན་ཡང་ཡང་བྱས་ནས་འོ་མ་དཀྲུགས་པ་ཡིན། དུས་ཚོད་གཉིས་ཙམ་འགོར་རྗེས་སུ། ཟོ་བའི་ཁ་རུ་མར་ཆགས་ཡོད། འོ་མ་དཀྲུགས་ནས་དུས་ཚོད་གཉིས་འགོར་རྗེས་མར་བླངས་ཆོག་པ་ཡིན། འོན་ཀྱང་མར་ཕྱུར་བཟོ་བའི་སྲོལ་རྒྱུན་འདི་འཕྲུལ་འཁོར་ཅན་དུ་གྱུར་དང་འགྱུར་བཞིན་འདུག མར་དཀྲུགས་ཟོ་ལས་ཕྱིར་བླངས་རྗེས།ཤུལ་དུ་ལུས་བའི་མར་དང་འོ་མ་བསྐོལ་ནས་ཕྱུར་བ་བཟོ་ཡིན། འོ་ཕྱུར་བསྐོལ་བ་དང་མཉམ་དུ་ཕྱུར་བ་དག་ཆུར་ཁུ་ལས་ཕྱིར་བཏོན་ཆོག ཕྱུར་བ་ལས་ཆུ་བཙགས་པ་དང་ཉི་མར་སྐམ་རྗེས་སུ། ཕྱུར་བ་དག་དུམ་བུ་ཆུང་ཆུང་བཟོ་བ་དང་དེ་ནས་རས་གཞིའི་ཁུག་མའི་ང་བླུག་ནས་ཉར་ཚགས་བྱེད་པའོ། ཕྱུར་བ་སྐམ་པོ་ཉར་ཚགས་བྱས་ཆོག་ལ་དེ་མ་ཐག་སྒོར་མོ་རྗེས་ཀྱང་ཆོག་ཉོ་བདག་གཙོ་བོ་དེ་འདག་རྫས་དང་ངོ་སྣུམ་ལས་མཁན་གྱི་ཁེ་ལས་པ་ཚོ་ཡིན། ཕྱུར་ཁུ་དེ་རྒྱུན་པར་ཕྱུགས་ཟོག་ལ་ལྡུད་པ་ཡིན། འོ་མའི་ཐོན་རྫས་ཐོན་སྐྱེད་བྱེད་རྒྱུར་ལུས་དུབ་ཧ་ཅང་ཆེ་མོད། འོན་ཀྱང་། ཐོན་སྐྱེད་གོ་རིམ་ཁྲོད་དུ་འཕྲོ་བརླག་དང་ཆུད་ཟོས་ལྟོས་བཅས་ཀྱིས་ཉུང་བར་བཤད་དོ། ཤ་ནི་བོད་མིའི་བཟའ་བཏུང་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ཡིན། ཤ་བཙོ་རྒྱུ་དང་ཤ་གཙོ་བྱས་པའི་བཟའ་བཏུང་རིགས་དེ་རྒྱུན་པར་སྐྱེས་པ་རྣམས་ཀྱི་ལས་ཀ་ཡིན། རྒྱུ་མཚན་ཤ་རིགས་ཀྱི་བཟའ་བཏུང་ལ་རི་དྭགས་རྔོན་པ་དང་། ཕྱུགས་ཟོག་བཤའ་བ་སོགས་ཀྱི་ལས་བྱ་དགོས་བས་སོ། དུས་རྒྱུན་གྱི་འཚོ་བའི་ཁྲོད་སྐྱེས་པ་རྣམས་རི་དྭགས་རྔོན་པར་འཇུག་པ་དང་བུད་མེད་རྣམས་ཀྱིས་ཤུན་པགས་བཤུ་བ། ཤ་གཙབ་པ། སྐེམ་པ། ཟས་སྦྱོར་དང་ཡང་ནང་རྒྱུ་སོགས་སྟ་གོན་གྱི་ལས་ཀར་རོགས་བྱེད་པ་ཡིན། ཆེས་དར་ཁྱབ་ཆེ་བའི་ཤ་བཙོ་སྟངས་ཤིག་ནི་ཟངས་ཆེན་ནང་དུ་ཆུ་དང་ཚྭ་ཅུང་ཙམ། ད་དུང་དམར་ཁ་ཚ། སྒོག་པ། ཙོང་། ལ་ཕུག་སོགས་གཙབ་ནས་བཙོས་བའི་ཤ་དེའི་རིགས་ཡིན། ཤ་ཚོས་བ་དང་དེ་མུར་ཟས་ཀྱང་འཐུས་སོ། བོད་ཁུལ་གྱི་ས་ཆ་ཁག་ཏུ་ཡུལ་བསྐོར་དུ་འགྲོ་ཚེ། གྲོགས་པོའི་ཁྱིམ་ཚང་དང་ཡང་ན་ཟ་ཁང་སོགས་སུ་ཤ་འདིའི་རིགས་རོལ་མྱོང་བྱ་ཐུབ། དེ་མིན། གོང་སྨྲས་ཀྱི་རྒྱུན་མཐོང་ཟས་རིགས་ཕུད། གཞན་ད་དུང་དུས་ཆེན་དང་གསོལ་སྟོན། ལོ་སར་སོགས་ཀྱི་སྐབས་སུ་སྐུ་མགྲོན་གལ་ཆེན་བསུ་མ་བྱེད་དུས་ཟས་མཆོག་གཞན་དག་གྲ་སྒྲིག་བཅའ་བ་ཡིན་ནོ།
དུས་ཆེན་ཁྱད་པར་ཅན་གྱི་སྐབས་སུ། ཁྱིམ་མི་དག་གིས་ཤ་མོག་མོག་ཤ་འབྲས། གྲོ་འབྲས། གོ་རེ། གཞན་གོ་རེ་དང་ཤ་སོགས་ཀྱི་སྡེར་ཁ་མང་དུ་བསྒྲིགས་པ་ཡིན། སྟོན་མོ་སོགས་དུས་ཆེན་ཁྱད་པར་ཅན་གི་སྐབས་སུ་ཅོག་ཙེ་ཚང་མ་ཟས་རིགས་སྣ་ཚོགས་ཀྱིས་བཀང་བ་དང་དེས་མགྲོན་ལ་བསྙེན་བཀུར་དང་དགའ་བསུ་མཚོན་ཡོད། བོད་ཀྱི་ཁྱིམ་ཚང་ཞིག་ལ་མགྲོན་དུ་འགྲོ་དུས། བཟའ་བཏུང་བསྐོར་གྱི་ཆེས་གཞི་རྩའི་ཡ་རབས་གུས་ལུགས་དག་ཤེས་དགོས། དཔེར་ན་ཟ་མ་ཚུར་ལེན་དུས་དང་ཡང་ན་ཕོ་འགྲངས་རྗེས་ཅི་ལྟར་གུས་ལུགས་སྟོན་དགོས་བ་སོགས་ཡོད། དེ་བཞིན་དུ། འབྲོག་པའི་རིག་གནས་ཁྲོད་ཨ་རག་བཏུང་བའི་སྲོལ་ཡོད་པས། ལོ་མང་རིང་དར་བའི་ཆང་བསྙལ་བ་དང་བཙག་ལུགས་སོགས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་བའི་ཞིང་བ་ཚོ་དང་དངོས་ཟོག་བརྗེ་རེས་བྱེད་དགོས་པ་ཡིན། བཟའ་བཏུང་རིག་གནས་ཀྱིས་འབྲོག་པ་ཚོས་རང་བྱུང་ཁམས་དང་ཁ་ཟས་སུ་གྱུར་བཞིན་པའི་སེམས་ཅན་ལ་བཅིངས་བའི་སྙིང་རྗེ་དང་བརྩི་བཀུར་མཚོན་པར་མ་ཟད། ཐག་ཉེ་རིང་གི་མགྲོན་པོ་ཀུན་ལ་བཟུང་བའི་རིག་གནས་དང་བསམ་བློའི་འཁྱེར་སོ་ཞིག་དང་། ཡང་ན། འབྲོག་པའི་འཚོ་བ་དང་རིག་གནས་དེ་ས་གནས་རིག་གནས་དང་དེའི་ཁྱབ་ཁོངས་ལས་བརྒལ་བའི་འཕེལ་རྒྱས་ཀྱི་མཚོན་རྟགས་ཞིག་ཀྱང་ཡིན་ནོ།