བོད་ཀྱི་ན་གཞོན་པ་མི་ཉུང་བ་ཞིག་གྲོང་ཁྱེར་ནང་སོང་ནས་བྱ་བ་འཚལ་བཞིན་ཡོད།དེས་ནང་ནས་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་ནི་ན་གཞོན་ཚོའི་བྱ་བ་ལས་སའི་ས་གནས་གཙོ་བོ་ཞིག་རེད།བརྙན་ཐུང་འདིའི་ནང་དུ་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་སྤོ་བྱས་པའི་བོད་ཀྱི་ན་གཞོན་འགའ་ཞིག་གིས་གཉེར་བའི་བོད་ཀྱི་ཚོང་ལས་སྣ་གཉིས་ཀྱི་གཏམ་རྒྱུད་ཡོད།གཅིག་ནི་ཆ་རུ་ཞེས་པ་དེ་ཡིན།ཆ་རུ་ནི་༢༠༡༥ལོར་ཚེ་རིང་བཀྲ་ཤིས་ཀྱིས་ཁོང་གི་གྲོགས་པ་ཞིག་དང་མཉམ་དུ་བཙུག་པ་ཡིན་ལ།དོན་འགྲུབ་ཀྱིས་དེའི་ནང་ནས་ལོ་གཉིས་ཙམ་ལ་འཚིག་ཇ་ལས་ནས་བསྡད་ཡོད།གཞན་པ་དེ་ནི་བསྟན་པ་དང་ཁོང་གི་བཟའ་ཟླ་ལྷ་པར་གཉིས་ཀྱིས་གཉེར་པའི་ཨ་ཅེ་འབྲོག་མོ་བོད་ཟས་ཁང་ཞེས་པའི་བོད་ཀྱི་་ཟ་ཁང་དེ་ཡིན།བརྙན་ཐུང་འདིའི་ནང་དུ་གཙོ་བོ་བོད་པ་ཚོའི་ཅི་ལྟར་གྲོང་ཁྱེར་ནང་གོ་སྐབས་གསར་བ་བཙལ་བ་དང་ཆབས་ཅིག་སྲོལ་རྒྱུན་རིག་གནས་མུ་མཐུད་དུརྒྱུན་འཛིན་དང་རྒྱུན་འཁྱོངས་བྱེད་པའི་སྐོར་མཚོན་ཡོད།
གཟུགས་མཐོང་བརྙན་པར།