Skip to main content
འགྲེམས་སྟོན་འདིར་ཞབས་འདེགས་ཞུ་མཁན།

འབྲོག་པའི་རྫས་ཡོད་རིག་གནས་བསྡུ་འཇུག་ལས་གཞི་ནང་མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་མི་སྡེ་ལྔ་ཙམ་ནས་བསྡུས་པའི་རྒྱུ་ཆ་ཡོད།སི་མེ་ཟོ་ཉན་དམངས་སྲོལ་དང་རིག་གནས་ཤུལ་བཞག་རྒྱུད་འཛིན་ལྟེ་གནས་ཀྱིས༢༠༡༦ལོ་ནས་བཟུང་བོད་པའི་དགེ་རྒན་དང་།རིག་གནས་ཞིབ་འཇུག་མཁན།རིག་གནས་བསྡུ་སྒྲིག་མཁན།གློག་བརྙན་བཟོ་མཁན་འགའ་དང་མཉམ་ལས་བྱས་ཏེ་འབྲོག་པའི་འཚོ་བ་དང་འབྲེལ་བ་ཡོད་པའི་ལག་རྩལ་དང་སྲོལ་རྒྱུན་སོགས་བསྡུ་ལེན་དང་ཉར་ཚགས་བྱས་ཡོད།

ལག་རྩལ་མཁས་པའི་རིག་རྩལ་བསྡུ་འཇུག་ལས་གཞི་ནི་རིག་གནས་ཞིབ་འཇུག་མཁན་དང་གློག་བརྙན་བཟོ་མཁན་ཟླ་བ་སྒྲོལ་མའི་༢༠༡༧ནས་༢༠༡༨ལོར་བཟོས་པ་ཡིན།ལས་གཞི་འདིའི་ནང་དུ་མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་ཐང་ག་འབྲི་བ།ལི་མའི་ལྷ་སྐུ་བཟོ་བ།གསེར་མགར་དང་དངུལ་མགར།རྫ་ནག་གི་ལག་ཤེས་སོགས་འདུས་པའི་ལག་ཤེས་པའམ་ལག་རྩལ་སྣ་བཅུ་གཅིག་གི་སྲོལ་རྒྱུན་བསྡུ་འཇུག་བྱས་ཡོད།རྒྱུ་ཆ་འདི་དག་སློབ་གསོའི་དམིགས་ཡུལ་དང་ལག་རྩལ་པ་སོ་སོའི་རང་རང་གི་ཚོང་ལས་གོང་འཕེལ་ཕྱོགས་ལ་བཀོད་བཞིན་ཡོད།

གོང་ནས་བརྗོད་པའི་རྒྱུ་ཆ་འདི་དག་ནི་བོད་ཀྱིས་ཁ་སྐད་སྣ་གསུམ་མཚོན་ཡོད་ལ་ཚང་མ་བོད་ཡིག་ནང་ཡིན། Ralph Rinzler དམངས་སྲོལ་་ཡིག་ཆ་གཅེས་ཉར་ཁང་ན་གོང་ན་བརྗོད་པའི་རྒྱུ་ཆ་ཚང་མ་ཉར་ཚགས་བྱས་ཡོད་ལ་འབྲེལ་ཡོད་རྒྱུ་ཆ་བོད་ཡིག་ནས་དབྱིན་ཡིག་ལ་ཡང་བསྒྱུར་ཡོད།

འགྲེམས་སྟོན་འགོ་འཛིན་པ། James Deutsch, Khamo

རྩོམ་འབྲི་མཁན། Maya Potter, Sharmo Thar, Namgyal Tsepak

ཡིག་བསྒྱུར་བ། Shirly Chang, Khamo, Lucy Xioachuan Liu, Shamo Thar, Namgyal Tsepak

བརྙན་ལེན་མཁན། Dawa Drolma, Lhamo Drolma, Puhua, Rgyalthar, Nathaniel Sims, Tsehua, Wuqi

གཟུགས་མཐོང་བརྙན་པར་གྱི་བཀོད་སྒྲིག་པ་དང་ཕྱོགས་སྒྲིག་བྱེད་མི། Dawa Drolma, Jackson Harvey, Wendekar

དྲ་ལྗོངས་འཆར་གཞི་འགོད་མཁན། Toby Dodds, Sandy Wang

གློག་རྡུལ་ཡིག་ཆ་ཉར་ཚགས་འགན་འཛིན་པ། Khamo, Cecilia Peterson

ཞུ་དག་པ། Elisa Hough

ལས་གཞི་འགན་འཁུར་བ། Halle Butvin, Anne Pedersen


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.