Skip to main content
In the City
གྲོང་ཁྱེར་ནང་།

འདས་པའི་ལོ་ངོ་ཉི་ཤུའི་རིང་མདོ་དབུས་མཐོ་སྒང་གི་ས་ཆ་མང་ཆེ་ཤས་ཞིག་ས་གཞི་དག་དུམ་བུ་བྱས་ནས་སྒེར་ལ་བགོ་བཤའ་བརྒྱབ་པ་དེས་སྒོ་ཕྱུག་འཚོ་བ་དང་སོ་ནམ་བྱེད་རྒྱུ་དེ་ཧ་ཅང་དཀའ་མོ་བཟོས་པ་རེད།རྒྱུ་རྐྱེན་དེའི་དབང་གིས་ཞིང་འབྲོག་གི་བོད་པ་མང་པོ་ཞིག་གྲོང་ཁྱེར་ཆེན་པོ ༼ པེ་ཅིན་དང་ཁྲིན་ཏུའི་ལྟ་བུ། ༽དང་ཆུང་བ་༼ ཡུལ་ཤུལ་ལྟ་བུ་ ༽ སོགས་སུ་གནས་སྤོས་ཏེ་ལས་ཀ་བཙལ་ཞིན་ཡོད།ཀྲུང་གོའི་གྲོང་ཁྱེར་ཅན་དུ་འགྱུར་བཞིན་པའི་ཚད་ནི་ཧ་ཅང་མཐོ་བས་འཛམ་གླིང་དངུལ་ཁང་གིས་སྡེབ་བྱོལ་འདི་ནི་མིའི་རིགས་ལོ་རྒྱུས་སྟེང་གི་གྲོང་སྡེ་ནས་གྲོང་ཁྱེར་དུ་གནས་སྤོ་ཆེས་རྒྱ་ཆེ་དེར་ངོས་ལེན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་དུ་གཙོ་བོ་འབྲོག་པ་ཚོ་ཅི་ལྟར་གྲོང་ཁྱེར་ཅན་དུ་འགྱུར་བཞིན་པ་དང་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ཅན་གྱི་ཁོར་ཡུག་འདིའི་ནང་འབྲོག་པ་ཚོའི་ཅི་ལྟར་སྲོལ་རྒྱུན་རྒྱུན་འཛིན་དང་རྒྱུན་འཁྱོངས་བྱེད་པ་སྟེ།ཁོང་ཚོའི་གྲོང་ཁྱེར་ནང་དུ་མུ་མཐུད་དུ་དམངས་སྲོལ་སྒྱུ་རྩལ་ལྟེ་་གནས་ཁང་།ཟ་ཁང་།འཚིག་ཇ་ཁང་དང་ནང་མ་སོགས་ཀྱི་རྣམ་པའི་ངང་མུ་མཐུད་དུ་བཟོ་སྐྲུན་བྱེད་བཞིན་པ་སོགས་འགྲེམས་སྤེལ་བྱས་ཡོད།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.