སྦྲ་གུར་ནང་གི་བཞུགས་གྲལ་དང་གོ་རིམ་སྒྲིག་སྟངས་དེས་སྤྱི་ཚོགས་དང་རིག་གནས་ཁྲོད་ཀྱི་ཕོ་མོའི་འབྲེལ་བ་དང་ཐོབ་ཐང་མཚོན་གྱི་ཡོད། ཆེས་གལ་ཆེ་བ་ནི་སྦྲ་གུར་ནང་གི་བར་སྟོང་དེ་རྩ་བའི་ཆ་གསུམ་དུ་བགོས་ཡོད། སྦྲ་གུར་ཕུགས་ཀྱི་རྒྱབ་ལོགས་དེ་བཟའ་བཏུང་གི་རིགས་གསོག་ཉར་བྱེད་ས་དང་མཆོད་བཤམ་བྱེད་ས་ཡིན། དེའི་རྒྱབ་ཏུ་རྒྱུན་པར་སྒྱེས་མོ་དང་ཆུར་བ་སྐམ་པོ། བྱེ། ཇ། མར་སོགས་འཇོག་པ་ཡིན། ཟ་སྒྱེའི་མདུན་དང་སྟེང་། ཡང་ན་དཀྱིལ་དུ་ཐང་ཀ་སོགས་རི་མོ་བཤམས་ཡོད པ་དང་། མཆོད་ཕོར་དང་སྤོས་སོགས་ཀྱིས་དེའི་སྟེང་གི་བར་སྟོང་གལ་ཆེན་དེ་ཟིན་ཡོད། སྦྲ་གུར་གྱི་དཀྱིལ་དེ་ཐབ་ཚང་གི་མཚམས་ནས་གཡས་གྲལ་དང་གཡོན་གྲལ་གཉིས་སུ་བགོས་ཡོད། རྩྭ་རས་གྱི་སྦྲ་གུར་ཧྲིལ་བོ་མདུན་རྒྱབ་དང་དཀྱིལ་སོགས་སུ་འཛུལ་སྒོ་རེ་ཡོད་པ་དང་དེ་དག་ཚང་མ་ཐག་ལོང་གིས་ཕྱོགས་གཅིག་ཏུ་བཏགས་ཡོད། ཁ་ཆར་འབབ་དུས་སུ། བལ་རྩིད་ཀྱིས་བཏགས་པའི་ཐུ་བ་ལྷག་མ་དག་དགབ་ཀྱང་ཆོག་གོ སྦྲ་གུར་གྱི་སྟེང་གི་བར་སྟོང་དེ་དུ་བ་ཕྱིར་འབུད་ས་དང་འོད་ཁུང་གི་ནུས་བའང་ཐོན་ཐུབ། དེ་དང་ཆབས་ཅིག ཕོ་མོ་དབྱེ་བ་དང་ངལ་རྩོལ་གྱི་མཚམས་དབྱེ་ས་བྱས་ཀྱང་ཆོག གལ་ཏེ་ཁྱེད་རང་སྦྲ་སྒོ་ཁ་གཏད་ནས་ནང་དུ་སོང་ཚེ། སྦྲ་གུར་ནང་བརྒྱུད་ཀྱི་གཡོན་ཕྱོགས་ནི་བུད་མེད་ཚོ་འདུག་ས་དང་། གཡས་ཕྱོགས་ནི་སྐྱེས་བ་རྣམས་ཀྱི་འདུག་སའོ། སྦྲ་གུར་གྱི་རྒྱབ་ནས་མདུན་བར་དུ་བུད་མེད་ཀྱི་ཡོ་བྱེད་རྣམས་གཡོན་ཕྱོགས་སུ་ཡོད་དེ། དཔེར་ན། བཞོ་ཟེའུ། འོ་དཀྲུགས་ཟོ་བ། ཆུ་རྫ། ཐབ་ཆས་སོགས། འབྲོག་ཕྱོགས་ཀྱི་བུད་མེད་རྣམས་ཀྱི་འཚོ་བར་བྲེལ་བ་ཧ་ཅང་ཆེ་སྟེ། འོ་མ་བཞོ་བ་དང་། གཙང་གྲ་བྱེད་པ། ཆུ་འཁུར་བ། འོ་མ་དཀྲུགས་པ། མར་བཅའ་བ། ལྕི་བ་འཐུ་བ་དང་བསྐམ་པ། འབུད་ཆ་གྲ་སྒྲིག་བྱེད་པ་སོགས་ནི་ཉིན་རྒྱུན་འཚོ་བའོ་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་འཁུམས། དབྱར་ཀ་སླེབས་དུས་བུད་མེད་ལས་ཀ་དེ་ལས་ཀྱང་བྲེལ་བ་ཆེའོ། སྦྲ་གུར་གྱི་གཡས་བརྒྱུད་སྐྱེས་པ་རྣམས་ཀྱི་བསྟི་གནས་ཡིན་ལ། དཔེར་ན། བླ་མ་དཔོན་པོ། གྲྭ་བ། ཤ་ཉེ་རིང་སོགས་ཐོན་ཚེ་སྦྲ་གུར་གྱི་གཡས་བརྒྱུད་ནས་བཞུགས་པ་ཡིན། སྦྲ་གུར་གཡས་བརྒྱུད་དུ་ས་གདན་བཏིང་ཡོད་ཅིང་། འབོལ་གདན། མལ་གོས་སོགས་བཞག་ཡོད། ལོ་ལོན་ཐོན་ཚེ་འབོལ་གདན་དང་ཡང་ན་གཡག་གདན་སྟེང་བཙོག་ནས་མ་ཎི་འདོན་པ་ཡིན། སྐྱེས་པའི་འཚོ་བ་ནི་བུད་མེད་དང་བསྡུར་ཚེ་ཧ་ཅང་ལྷོད་ཡང་ཆེ་བ་ཡིན། སྐྱེས་པ་ཚོའི་ལས་ཀ་གཙོ་བོ་ནི་ཐག་ཉེ་རིང་གི་ཚོང་ལས། སྤྱི་ཚོགས་འབྲེལ་ལམ་འཛུགས་པ་བཅས་ཡིན་ལ། ལྷག་པར་དུ་ཕྱུགས་ཚོ་བ། རི་དྭགས་རྔོན་པ། ཀོ་ལྤགས་མཉེ་བ། བསང་མཆོད་ཀྱི་སྟ་གོན་བྱེད་པ་བཅས་ཡིན། གཞན་དུ་སྦྲ་གུར་ནང་རོལ་གྱི་བཞུགས་གྲལ་དང་འདུག་སྟངས་དེས་ཕོ་མོའི་ངལ་རྩོལ་གྱི་དབྱེ་བའང་མཚོན་ཡོད་བསམ།
འགྲེམས་སྟོན་ཁང།
ཚེ་རིང་མཚོ་ཡིས་བྱིས་པ་གཉོར་སྐྱོང་བྱེད་བཞིན་པ།མཚོ་སྔོན་ཞིང་ཆེན།
ལྷ་མོ་སྒྲོལ་མ་དང།ཚེ་དཔའ།འཕགས་པ་གསུམ་གྱིས་པར་བླངས།
ཚེ་རིང་མཚོ་ཡིས་ཐབ་ཀ་ལ་མེ་འཇོག་བཞིན་པ།མཚོ་སྔོན་ཞིང་ཆེན།
ལྷ་མོ་སྒྲོལ་མ་དང།ཚེ་དཔའ།འཕགས་པ་གསུམ་གྱིས་པར་བླངས།
བུད་མེད་ཞིག་གིས་ཆུ་ལེན་བཞིན་པ།མཚོ་སྔོན་ཞིང་ཆེན།
ལྷ་མོ་སྒྲོལ་མ་དང།ཚེ་དཔའ།འཕགས་པ་གསུམ་གྱིས་པར་བླངས།
མར་བཟོ་བཞིནཔ།མཚོ་སྔོན་ཞིང་ཆེན།
ལྷ་མོ་སྒྲོལ་མ་དང།ཚེ་དཔའ།འཕགས་པ་གསུམ་གྱིས་པར་བླངས།
མར་བཟོ་བཞིནཔ།མཚོ་སྔོན་ཞིང་ཆེན།
ལྷ་མོ་སྒྲོལ་མ་དང།ཚེ་དཔའ།འཕགས་པ་གསུམ་གྱིས་པར་བླངས།
ལྕི་བ་འཐུ་བཞིནཔ།མཚོ་སྔོན་ཞིང་ཆེན།
ལྷ་མོ་སྒྲོལ་མ་དང།ཚེ་དཔའ།འཕགས་པ་གསུམ་གྱིས་པར་བླངས།