Skip to main content
གསེར་མགར་དང་དངུལ་མགར།
Namgyal Tsepak

གལ་ཏེ་ཁྱེད་རང་བོད་ཀྱི་རིག་གནས་ལ་བལྟ་སྐོར་སོང་མྱོང་ཚེ། ཆོས་ལུགས་དང་དགོན་སྡེས་བོད་མིའི་འཚོ་བའི་ཁྲོད་བཟུང་བའི་གནས་བབ་རྟོགས་ངེས། གལ་ཏེ་ཁྱེད་རང་ལྗོངས་རྒྱུ་བ་ཞིག་གམ་མི་སྒེར་གནས་སྐོར་ལ་འགྲོ་དུས། ས་དེ་གའི་དགོན་སྡེ་དག་ནི་ངེས་པར་མཇལ་དགོས་པ་ཞིག་ཏུ་གྱུར་ཡོད། ཁྱེད་རང་དགོན་སྡེའི་ལྷ་ཁང་ལ་འཛུལ་དུས། ཁྱེད་ཀྱིས་གསེར་དངུལ་ལས་བཟོས་པའི་སྐྱེས་བུ་དམ་པའི་སྐུ་གདུང་རྣམས་ལྷང་ངེར་མཐོང་ཐུབ་ལ། གཞན་ད་དུང་ལོ་གསར་དང་དུས་སྟོན་གལ་ཆེན་སྐབས་བོད་ཁུལ་ལ་ལྗོངས་རྒྱུར་ཕེབས་ཐུབ་ན་དེ་གའི་མི་རྣམས་ཀྱིས་བཏགས་པའི་གསེར་དངུལ་སོགས་རིན་ཆེན་བརྒྱན་གྱིས་ཁྱེད་ཧང་སང་འཇུག་ཀྱང་སྲིད། རིན་པོ་ཆེའི་རྒྱན་ཆ་དང་ཆོས་ལུགས་ཀྱི་དངོས་པོ་འདི་དག་གིས་གསེར་མགར་དང་དངུལ་མགར་གྱིས་བོད་ཀྱི་རིག་གནས་ཁྲོད་ལོ་རྒྱུས་རིང་ལ་ཕུན་སུམ་ཚོགས་པའི་གལ་ཆེའི་གནས་བབ་བཟུང་ཡོད་པ་གསལ་བཤད་བྱེད་ཡོད།

གཟུགས་མཐོང་བརྙན་པར།

ལོ་རྒྱུས་ཀྱི་སྟེང་ནས་ལྟོས་ན། གསེར་མགར་དང་དངུལ་མགར་གྱིས་ལྕགས་རིགས་འདྲ་མིན་གྱིས་བཟོས་པའི་འདྲ་འབག་དང་ཚོན་རྩི་བཏང་ལུགས་སོགས་ཀྱི་ཐོག་ནས་མགར་བའི་རིན་ཐང་དང་གལ་ཆེན་རང་བཞིན་མངོན་གྱི་ཡོད། གསེར་དངུལ་གྱི་བེད་སྤྱོད་དེ་བཙན་པོའི་རྒྱལ་རབས་སྐབས་ནས་ཡོད་པ་མ་ཟད། དུས་རབས་བཅུ་གཉིས་བཅུ་གསུམ་སྐབས་ལ་ཧ་ཅང་ཁྱབ་གདལ་ཅན་དུ་གྱུར་ཡོད་པ་རེད། ང་ཚོས་ནུབ་ཕྱོགས་དངོས་མང་བཤམས་སྟོན་ཁང་ནས་ནང་རྒྱུ་གསེར་དང་དངུལ་གྱིས་བརྒྱན་པའི་ཆོས་ལུགས་ཀྱི་འདྲ་འབག་དང་ཅ་དངོས་མང་པོ་མཐོང་དུས་གསེར་དངུལ་བེད་སྤྱོད་དེ་སྔ་མོ་ནས་ཡོད་པ་ཧ་ཅང་གསལ་པོ་རེད། སྲོལ་རྒྱུན་གྱི་གསེར་མགར་དང་དངུལ་མགར་དེང་སྐབས་ཀྱང་སྔར་བཞིན་ཆོས་ལུགས་ཀྱི་རྣམ་པ་དང་འདྲ་འབག་ལས་བཟོའི་ལག་ལེན་ཁྲོད་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཆོས་ལུགས་ཀྱི་ཁྱད་ཆོས་དང་གསེར་གྱི་དཀོན་པོའི་རང་བཞིན་གྱིས་གསེར་མགར་ དང་དངུལ་མགར་ནི་མགར་བའི་རིགས་ལྟར་རིགས་རུས་དམའ་བའི་གྲས་མ་ཡིན་ཏེ། རྒྱུ་མཚན་ནི་མགར་བའི་ལག་རྩལ་ལ་ཚད་མཐོའི་གདེང་འཇག་དང་བརྩི་བཀུར་ཆེན་པོ་ཐོབ་ཡོད། 

སྤྱིར་གསེར་མགར་དང་དངུལ་མགར་གྱིས་གཙོ་བོ་ཆོས་ལུགས་ཀྱི་འདྲ་འབག་ལས་བཟོ་དང་ཆབ་སྲིད་ཀྱི་མངའ་སྟོབས་དགོས་མཁོ་སྐོང་གི་ཡོད་མོད། འོན་ཀྱང་ལག་རྩལ་འདི་དག་ནི་དེང་གི་འཇིག་རྟེན་ཀུན་རྫོབ་པའི་ཁྲོད་དུའང་གནས་བབ་གལ་ཆེན་ཞིག་ཆགས་ཡོད། ད་སྐབས་བོད་ཡུལ་གྱི་གསེར་མགར་དང་དངུལ་མགར་ཚོས་བོད་རིགས་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་ཆོས་ལུགས་པ་དང་ཆེད་ལས་པའི་ཁྱད་ཆོས་མ་ཡིན་པའི་རྒྱན་ཆ་སྣ་ཚོགས་གསར་བཟོ་བྱེད་འདུག རིག་གནས་གསར་བརྗེ་མཇུག་སྒྲིལ་བ་ནས་བཟུང་གསེར་དངུལ་ནི་དཔལ་འབྱོར་དང་ཚོང་ལས་ཁྲོད་དུ་བྲིན་ཆེ་རུ་སོང་ཡོད། བོད་མི་མང་པོ་ཞིག་གིས་གསེར་གྱི་མཛུབ་དཀྲིས་དང་མགུལ་རྒྱན་སོགས་རིན་ཆེན་གྱི་རྒྱན་ཆ་ལ་གདོན་འགོག་དང་བར་ཆད་སེལ་བའི་ནུས་པ་ཡོད་པ་ངོས་འཛིན་ཟབ་མོ་གནང་གི་ཡོད་པ་རེད། གསེར་དངུལ་གྱི་རྒྱན་ཆའི་སྒྱུ་རྩལ་ཚོད་ལྟའི་བར་སྟོང་མུ་མཐུད་རྒྱ་ཆེར་བསྐྱེད་པ་དང་། ལག་རྩལ་འདི་དག་གིས་བོད་ཀྱི་རིག་གནས་དང་སྒྱུ་རྩལ་གསར་བཏོད་ཕྱོགས་ལ་སྐུལ་འདེད་ཀྱི་ནུས་པ་ཡ་མཚན་མངོན་ཡོད།


Support the Folklife Festival, Smithsonian Folkways Recordings, sustainability projects, educational outreach, and more.

.