སྦྲ་གུར་ནི་འབྲོག་པ་ཚོར་མཚོན་ན་ཆེས་གལ་ཆེ་བའི་སྡོད་གནས་ཡིན་པའི་ཆ་ནས།སྦྲ་གུར་ཞེས་པའི་སྡེ་ཚན་འདི་ནི་འགྲེམས་སྟོན་གྱི་ཆེས་གལ་ཆེ་བའི་སྡེ་ཚན་ཡང་ཡིན།སྡེ་ཚན་འདིའི་ནང་དུ་གཙོ་བོ་སྦྲ་གུར་བཟོ་སྟངས་དང་།ལུག་པགས་སོགས་ནས་བོད་ལྭ་བཟོ་སྟངས།སེམས་ཅན་དང་རང་བྱུང་གི་ཐོན་ཁུངས་བེད་སྤྱོད་བྱས་ནས་ཟ་མ་བཟོ་སྟངས།ད་དུང་རྩེད་མོ་སྣ་ཚོགས་དང་སྦྲ་གུར་ཞིག་གི་ནང་ཆས་ཀྱི་བཀོད་འདོམས་བྱེད་སྟངས་སོགས་ཀྱི་སྲོལ་རྒྱུན་དག་འགྲེམ་སྟོན་བྱས་ཡོད།
ཉིན་རྒྱུན་གྱི་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་འདི་དག་གིས་བོད་ཀྱི་འབྲོག་པ་ཚོས་ས་གཞི་དང།སེམས་ཅན།རིག་གནས་སོགས་ལ་ཡི་རང་དང་བསྔགས་བརྗོད་བྱེད་པ་མཚོན་ཐུབ་པ་མ་ཟད།ཁྱིམ་ཚང་གི་འདུམ་པ་དང་མི་སྡེ་བར་གྱི་འབྲེལ་བ།མདོ་དབུས་མཐོ་སྒང་གི་སྲོལ་རྒྱུན་མི་མཐུད་དུ་རྒྱུན་སྲིང་དང་དར་སྤེལ་བྱེད་པ་ཡང་མཚོན་ཐུབ།