Skip to main content
མ་ཎི་རྡོ་བརྐོས།
Namgyal Tsepak

བོད་ཡུལ་དུ་ཡུལ་བསྐོར་བྱེད་དུས། མ་ཎི་རྡོ་བརྐོས་དེ་གང་སར་མཐོང་རྒྱུ་ཡོད་ལ། མ་ཎི་རྡོ་བརྐོས་ལ་དབྱིབས་དང་རིགས་ཀྱང་མི་འདྲ་བ་མང་པོ་ཡོད། ལ་ལ་རྡོ་བརྐོས་བྱས་རྗེས་ཚོན་གྱིས་བྱུག་ཡོད་པ་དང་། གཞན་རྣམས་གནས་རྟགས་རྒྱག་པའི་ཚུལ་དུ་རྡོ་བའི་སྟེང་དུ་བྲིས་པའང་ཡོད། དེ་ལ་གསང་སྔགས་དང་གསུང་རབ་པོ་ཏི་སོགས་བརྐོ་བ་དང་ཡང་ན་ཡིག་འབྲུ་གཅིག་ཅན་གྱི་རྡོ་བརྐོས་ཀྱང་ཡོད། གཞན་ཡང་རྙོག་དྲ་ཅན་གྱི་རི་མོ་རྡོ་རུ་བརྐོས་ཀྱང་ཆོག མ་ཎི་རྡོ་བརྐོས་དེ་རྒྱུན་པར་བསྐོར་ལམ་དང་ཉག་ཁ་སོགས་སུ་སྤུངས་ཡོད་པ་དང་། གྱང་འདབས་དང་དེའུ་འབུར་སོགས་སུ་བརྩིགས་པའང་ཡོད། ཡང་མཆོད་ཁང་དང་ཆུ་འགོ་སོགས་སུ་གཏོར་ཀྱང་ཆོ། མདོར་ན། མ་ཎི་རྡོ་བརྐོས་ནི་མ་ཎི་ཡིག་དྲུག་རྐྱང་རྐྱང་རྡོ་རུ་བརྐོ་བ་མ་ཙམ་མ་ཡིན་པར་གསོལ་འདེབས་ཀྱི་ཆོས་ཡིག་གང་རུང་རྡོ་རུ་བརྐོས་ཡོད་པར་གོ་བ་ཡིན།

གཟུགས་མཐོང་བརྙན་པར།

མ་ཎི་བརྐོ་བྱེད་ཀྱི་རྡོ་ནི་རང་བཞིན་གྱི་བྲག་རྡོ་དང་། རྡོ་ཧྲུག ཕ་བོང་སོགས་ཡིན། མཚམས་རེར། གསོལ་འདེབས་དང་ཡང་ན་ལྷ་སྐུ་སོགས་རྡོ་ཕ་བོང་ཆེན་པོ་དང་། བྲག་ངོས། བྲག་ཕུག་སོགས་སུ་བརྐོས་ཡོད་པ་དང་། རྒྱུན་པར་ཐོ་བ་དང་གཟོང་གཉིས་བེད་སྤྱད་ནས་བརྐོ་བ་ཡིན། རི་མོའི་ཞིང་ཁམས་དང་། རིང་ཐུང་དང་བསྟུན་ནས་བརྐོ་རིས་ཀྱི་བཀོད་པ་དང་ལག་ཆའི་ཆེ་ཆུང་། རྣོ་ངར་སོགས་ཀྱང་མི་འདྲ་བ་ཡིན། དགོས་མཁོ་ལྟར་འཕྲུལ་སྒུལ་གྱི་ལག་ཆ་བེད་སྤྱོད་བྱེད་པའང་ཡོད། ཡིན་ཡང་། ཆོས་ལུགས་ཀྱི་ལྟ་བས་ནི་མ་ཎི་རྡོ་བརྐོས་དེ་ལག་བཟོ་བྱེད་དགོས་པ་ཞིག་ཏུ་བཤད་ཡོད་པའོ།

འགྲེམས་སྟོན་ཁང།

སྲོལ་རྒྱུན་ལྟར་ན། གསོལ་འདེབས་ཀྱི་རྡོ་བརྐོས་དེ་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་དང་ཚོགས་གསག་སྒྲུབ་སྦྱོང་གི་ཆོ་ག་བཞིན་དུ་བརྩིས་ཡོད། ནང་སེམས་ཀྱི་བློ་སྦྱོང་དང་རྗེས་འཇུག་པར་གྲྭ་བ་དང་། བཙུན་མ། རོང་བ་དང་འབྲོག་པ་སོགས་ཡོད། སྡེ་བའི་ལྷ་བ་དང་དད་སྟོབས་ཀྱིས་ཕྱུག་པའི་རྒན་པ་དག་ནི་དབྱར་ཀའི་ཆུ་མིག་གནས་བསྐོར་དུ་སོང་ནས། ལྷ་ཀླུ་ཀུན་ལ་མཆོད་པ་བྱེད་པ་དང་། དེ་ནས་གསོལ་འདེབས་སོགས་རྡོ་རུ་བརྐོ་བ་ཡིན། གནས་བསྐོར་དུ་འགྲོ་བའི་དགེ་འདུན་པས་གནས་བྱིན་ཅན་དང་། དགོན་པའི་རྩིགས་ལྡེབས་ཀྱི་རྡོ་བ། སྔར་ཡོད་ཀྱི་མ་ཎི་རྡོ་སྤུངས་སོགས་ཀྱི་སྟེང་རྡོ་བརྐོས་བྱེད་པ་ཡིན།

གཞན་ད་དུང་མ་ཎི་རྡོ་སྤུངས་དེ་གསོལ་འདེབས་དང་སྔགས་ཡིག་ཁོ་ན་མ་ཡིན་པར། མ་ཎི་རྡོ་སྤུངས་བརྒྱུད་ནས་འགྲོ་སྐབས་ཉེ་འཁོར་གྱི་རྡོ་དབྱིབས་ཡག་པོ་དག་འཐུས་ནས་མ་ཎི་རྡོ་སྤུངས་ཀྱི་སྟེང་བཞག་ཆོག་ལ། དེ་དང་མཉམ་དུ་མར་གྱུར་སེམས་ཅན་དང་། ཉེ་མི་སྤུན་ཟླ། ཁྱིམ་མི་སོགས་ཀྱི་བདེ་སྡུག་ལ་སྨོན་ལམ་རྒྱག་པ་དང་སྐྱབས་འཇུག་ཞུས་ཀྱང་ཆོག་པའོ།

མ་ཎི་རྡོ་སྤུངས་དང་དེའི་སྟེང་གི་རྡོ་རིགས་འདྲ་མིན་སྣ་ཚོགས་ཀྱིས་བསམ་པ་བཟང་བོ་དང་བྱང་ཆུབ་ཀྱི་ལམ་དུ་སྐུལ་བར་བྱེད་པ་དང་། ཉེ་བའི་ལོ་འགའི་རིང་མ་ཎི་རྡོ་བརྐོས་དེ་བྱིན་རླབས་ཧ་ཅང་ཆེ་བར་རློམ་ཡོད་པར་མ་ཟད་སྒྱུ་རྩལ་གྱི་ཆ་ཤས་ཤིག་ཏུ་བརྩི་བའང་ཡོད། དེ་བས་ཡུལ་བསྐོར་ལྟེ་གནས་མང་པོ་ཞིག་ཏུ་དྲན་རྟེན་ཁང་དང་ལེགས་སྐྱེས་ཚོང་ཁང་སོགས་སུ་མ་ཎི་རྡོ་བརྐོས་ཉོ་རྒྱུ་ཡོད་པ་ཡིན་ནོ།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.