Skip to main content
རྫ་ནག་ལག་ཤེས།
Namgyal Tsepak

རྫ་ཆས་ཀྱི་རིགས་དེ་བོད་ཡུལ་དུ་དར་ཁྱབ་ཤིན་ཏུ་ཆེ་བར་མ་ཟད། ཉིན་རྒྱུན་འཚོ་བའི་ཁྲོད། ཟས་སྣོད། ཆང་སྣོད། ཆུ་སྣོད། ཇ་སྣོད། པུར་སྣོད། སྡེར་མ། དཀར་ཡོལ་སོགས་ཀྱི་ཚབ་ཏུ་བཀོལ་བཞིན་ཡོད། ཉེ་བའི་ལོ་བཅུ་ཕྲག་འགའི་ནང་དུ། གནའ་དཔྱད་རིག་པའི་ཉམས་ཞིབ་དང་འཚོལ་བསྙེག་བྱས་བ་ལྟར། བོད་ཀྱི་རྫ་ཆས་ལག་ཤེས་ལ་ལོ་ངོ་ལྔ་སྟོང་རིང་གི་ལོ་རྒྱུས་ཡོད་པར་བདེན་དཔང་བྱས་འདུག་ལོ་སྟོང་ཕྲག་ལྷག་གི་རྫ་ཆས་ལས་བཟོ་དང་བཙོ་སྦྱང་ལོ་རྒྱུས་ལྟར་ན། བོད་ཀྱི་རྫ་ཆས་བཟོ་བཀོད་དང་རི་མོ་ལ། དཔེ་རིས་མེད་པ་ཅན་ནས་ཐིག་རིས་ཅན། དེ་ནས་ཐགས་རིས། ཆུ་རིས་སོགས། དེ་ནས་རིམ་བཞིན་ཚད་མཐོ་ཤིང་སྣ་འདུས་རིང་བཞིན་ཅན་གྱི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་ལ། རྫ་ཆས་ལག་ཤེས་འཕེལ་རྒྱས་དེ་བཀོད་སྤྱོད་ཀྱི་རིན་ཐང་ཁོ་ན་མ་ཡིན་པར། གཞན་ད་དུང་སྤྱི་ཚོགས་ཀྱི་སྣང་ཚུལ་སོགས་མཚོན་པ་ཡིན་ནོ། ལྕགས་རིགས་མ་དར་བའི་ཡར་སྔོན་དུ་རྫ་ཆས་ནི་བོད་མིའི་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། ལྕགས་རིགས་ཐོན་པ་དང་རྫ་རིགས་སྣོད་ཆས་ཀྱི་ཚབ་བྱས་པ་རེད། སྤྱི་ཚོགས་ཁྲོད་རྫ་ཆས་རིགས་ཀྱི་དགོས་མཁོ་ཇེ་ཆེར་སོང་བ་དང་བསྟུན་རྫ་ཆས་ལག་རྩལ་དང་གསར་གཏོད་ནུས་བའང་ཇེ་ལེགས་སུ་ཕྱིན་པ་རེད། བོད་ཀྱི་ས་ཁུལ་མང་པོ་དང་གྲོང་སྡེ་མང་པོའི་རིག་གནས་དེ་སྐད་གྲགས་ཆེ་རུ་ཕྱིན་པ་ནས་རྫ་ཆས་ཀྱི་དགོས་མཁོ་དེའང་རིམ་བཞིན་ཇེ་ཆེར་འགྲོ་བཞིན་འདུག

གཟུགས་མཐོང་བརྙན་པར།

རྫ་ཆས་ལག་རྩལ་དང་སྒྱུ་རྩལ་ཀྱི་འཚོལ་བསྙེགས་བརྒྱུད། ཁྱད་ཆོས་མི་འདྲ་བའི་རྫ་ཆས་ཀྱི་རིགས་མང་པོ་ཐོན་སྐྱེད་བྱས་འདུག བཟོ་དབྱིབས་དང་ཁ་མདོག སྤུས་འཇམ་བྱེ་མའི་རྫ་ཆས། ཤེལ་རྫ། རྫ་མ་དམར་པོ། རྫ་ནགཚོན་བྱུག་རྫ་མ་སོགས་ཀྱང་རིམ་བཞིན་ཐོན་སྐྱེད་བྱས་པ་རེད། རིགས་འདི་དག་ལས་རྫ་ནག་གིས་བོད་ཀྱི་རྫ་ཆས་ལག་རྩལ་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། རིག་གསར་དང་རྒྱལ་རབས་སོགས་ཀྱི་ཆགས་འཇིག་དང་། ཟང་ཟིང་ཆེ་བའི་གི་ལོ་རྒྱུས་རླུང་འཚུབ་དུ་མའི་རྗེས་སུ་ད་དུང་མ་ཉམས་གོང་འཕེལ་དུ་འགྲོ་བཞིན་ཡོད། དོན་དངོས་སུ། ཁ་སང་དེ་རིང་། བོད་ཀྱི་སྤྱི་ཚོགས་ཁྲོད་གནས་བའི་རྫ་ཆས་ལག་ཤེས་དེ་ངག་ཐོག་རིག་གནས་ལ་བརྟེན་ནས་སླར་གསོ་བྱས་ཤིང་འཕེལ་རྒྱས་སུ་སོང་བ་རེད། དེང་དུས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་རྒྱ་དཀར་དང་ལྕགས་དཀར་གྱི་ཐོན་ནུས་དང་བསྟུན། རྫ་ཆས་རིགས་ཀྱི་དགོས་མཁོ་དེ་མིག་མཐོང་ལག་ཟིན་གྱི་ཇེ་ཆུང་དུ་ཕྱིན་ཡོད་མོད། རྫ་ཆས་ལས་ཤེས་པ་ཚོས་འདུས་ཁུལ་ཁྲོད་ཀྱི་མི་རྒན་ཚོའི་མདུན་ནས་བསླབ་པ་དང་། ལག་ཤེས་པ་རྒན་པོ་ཚོའི་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བ་དང་ཡུལ་སྐོར་ཚོང་རྭ་དང་རིག་གནས་སྲུང་སྐྱོབ་ཀྱི་འདོད་བློའང་སྐོང་བཞིན་ཡོད།

རྫ་ནག་ཐོན་སྐྱེད་ལྟེ་བ་དེ་གཙོ་བོ་དགོན་སྡེ་དང་། གྲོང་ཚོ། ད་དུང་རྫ་ཆས་ལས་སྣོད་དང་གསོ་སྦྱོང་འཛིན་གྲྭ་སོགས་བོད་ཁུལ་ཀྱི་ས་ཆ་གང་སར་ཁྱབ་ཡོད། མ་ཟད། དེང་སང་གི་རྫ་ཆས་དག་ལ་ས་གནས་ཀྱི་ཀྱི་ཐོན་ཁུངས་བེད་སྤྱོད་བྱེད་ཀྱི་ཡོད་ལ། དཔེར་ན། འདམ། ལག་ཆ། རྡོ། ཤིང་། ཀོ་བ་སོགས་ཡོད་། ཐོན་རྫས་འདི་དག་ལ་ཇ་ཕོར། དཀར་ཡོལ། ཤེལ་བུམ། བུམ་པ། ཇ་དེམ་སོགས་ཡོད་ཅིང་། དེང་སང་གསོལ་ཇ་ཁང་དང་མགྲོན་ཁང་། ཟ་ཁང་། ཁྱིམ་སོགས་སུ་རྒྱན་ཆས་ཀྱི་ཚུལ་དུ་བཀོལ་བཞིན་ཡོད་པ་དང་། ད་དུང་ཡུལ་བསྐོར་བ་ཚོར་ལག་སྐྱེས་སུའང་འཚོང་ཀྱིན་ཡོད། བོད་རྫས་ལག་ཤེས་ཀྱི་སྲོལ་རྒྱུན་རིག་གནས་དང་དེའི་དར་རྒུད་དེ་ཤིན་ཏུ་གལ་ཆེ་སྟེ། དེས་དུས་རབས་གསར་བའི་ཁྲོད་ཀྱི་བོད་བའི་རིག་གནས་ཀྱི་འཆི་གསོན་ལ་རེ་བ་དང་སྙིང་སྟོབས་བསྩོལ་བཞིན་ཡོད་དོ།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.