Skip to main content
ཤིང་དང་ལྕི་བ་སོགས་འཐུ་བའི་རིག་གནས།
Namgyal Tsepak

འབྲོག་པ་མང་ཆེ་ཤས་མཐོ་སྒང་དང་རྩྭ་ཐང་དུ་འཚོ་སྡོད་བྱེད་པས་ན་སྡོང་བོ་མཐོང་རྒྱུ་དཀོན་པོ་ཡིན། བོད་ཀྱི་འབྲོག་པ་ལ་ལས་མི་ཚེ་གང་བོར་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་ས་ཁུལ་དུ་ཡོད་པའི་གསོམ་སྡོང་དང་ཐང་ཤིང་མཐོང་མྱོང་མེད། ཡིན་ཡང་། འབུད་ཤིང་དེ་ལྕི་བ་དང་ཨོང་བ་ལས་འབར་ཡུན་རིང་བས། འབྲོག་པ་མང་པོ་ཞིག་ལ་འབུད་ཤིང་འཐུ་བའི་སྲོལ་ཡོད། ས་གནས་དེར་འབུད་ཤིང་ཡོད་མེད་ཀྱི་ཚད་ལ་གཞིགས་ཏེ། འབུད་ཤིང་འཐུ་བ་ལའང་དཀའ་ཚེགས་རབ་འབྲིང་མང་པོ་ཡོད། དཔེར་ན། གལ་ཏེ་འབུད་ཤིང་འཐུ་ས་ཐག་རིང་བའམ་ཤིང་སྡོང་ཆེ་དྲག་ཚེ་དེ་ལ་དུས་ཚོད་ངེས་ཅན་དགོས་པ་དང་ལུས་ཤུགས་ངལ་རྩོལ་ཀྱང་ཡིན་པས། ཤིང་གཏུབ་པ་དང་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ལས་ཀའི་རིགས་འདི་དག་སྐྱེས་པ་རྣམས་ཀྱི་ལས་ཀར་གཏོགས་པ་ཡིན། དུས་རྒྱུན་མཛོ་དང་གཡག་སོགས་ཁལ་འགལ་བ་ཡིན་ལ། འོན་ཀྱང་དེང་སང་གཞི་རིམ་ས་ཆར། ལག་འཁོར། འདྲུད་འཐེན་འཁོར་ལོ་སོགས་རྒྱུན་འབྱམས་སུ་སོང་ཡོད་པས་དེའི་རིགས་བྱེད་སྤྱོད་བྱེད་མཁན་ཡང་མོད་པོ་འདུག གལ་ཏེ་ཉེ་འཁོར་གྱི་བུད་ཤིང་དེ་སྡོང་ལྡུམ་དང་སྡོང་ལྡུམ་ཀྱི་རྩ་བ། ཡལ་ག་ལྕུག་ཕྲན་ཡིན་ཚེ། བུད་མེད་རྣམས་ཀྱིས་ལས་ཀ་ཡིན་པ་དང་། རྒྱུན་པར་སླེ་བོ་དང་ཁྲེས་པོ་རྒྱབ་ནས་ཁྱིམ་དུ་འཁུར་དགོས་པ་ཡིན། སླེ་བོ་ཐག་རིང་དུ་འཁུར་རྒྱུ་དེ་ཧ་ཅང་དཀའ་ལས་ཆེ་བ་དང་། སྡོང་ལྡུམ་དང་ཡལ་སོགས་ཀྱིས་ཡུན་རིང་བོར་མི་འདང་བས། བུད་ཤིང་འཐུ་རྒྱུ་དེ་བུད་མེད་རྣམས་ཀྱི་ཉིན་རྒྱུན་གྱི་ལས་ཀ་ཡིན། འབྲོག་པའི་རྒྱུན་སྤྱོད་ཀྱི་བུད་ཤིང་ནི་ལྕི་བ་ཡིན། གང་ལྟར་ཡང་། ལྕི་བ་རློན་པ་དེ་ཨོང་སྐམ་དུ་བསྒྱུར་བའི་གོ་རིམ་དེ་ལས་སླ་བོ་ཞིག་མིན་པས། ང་ཚོས་ཡི་རངས་དང་མཐེ་བོང་བསྒྲེང་ཆོག་པའི་ལས་ཀ་ཞིག་ཡིན་པར་བསམ། སྤྱིར་བཏང་བཤད་ན། འབྲོག་པ་རྣམས་ཀྱིས་ཉིན་རེའི་ཞོགས་པར་ཕྱུགས་ཟོག་ཕྱིར་དེད་ནས་འཚོ་སྐྱོང་བྱེད་པ་དང་དགོང་མོ་ཕྱིར་ལོག་དུས་འོ་མ་བཞོ་བ་དང་དེ་ནས་ལྟ་སྲུང་བྱེད་པ་ཡིན། མཚན་མོའི་དུས་སུ་ཕྱུགས་ཟོག་ཚོས་ལྕི་བ་གང་སར་བཏང་ཡོད་པས། བུད་མེད་རྣམས་ཀྱིས་སླེ་བོ་རྒྱབ་ཏུ་འཁུར་ནས་ལྕི་བ་འཐུ་བ་དང་དེ་ནས་ཕྱོགས་གཅིག་ཏུ་སྤུངས་རྗེས། ལྕི་བ་ཚང་མ་མཉམ་དུ་བསྲེས་ནས་སྡེར་མའི་དབྱིབས་སུ་བྱས་ནས་ལྕི་འདམ་དེ་སྦྲ་གུར་ཕྱི་རོལ་ལམ་ཡང་ན་གྱེན་ཐུང་ཡོད་པའི་ཐང་ངོས་སུ་སྐམ་པ་ཡིན། ལྕི་བ་ཡོངས་སུ་སྐམ་རྗེས་ཐད་ཀར་བེད་སྤྱོད་བྱས་ཆོག་པ་ཡིན། ལྕི་སྐམ་ཆུང་ཆུང་དག་སྦྲ་གུར་གྱི་ནང་རོལ་གྱི་སྒོ་འགྲམ་དུ་སྤུང་ཡོད། ལྕི་བ་ཁ་ཅིག་སྦྲ་གུར་དཀྱིལ་གྱི་ཐབ་ཀ་དང་ཐབ་ཁུང་གི་གམ་བཞག་ཡོད་པས། མེ་འབུད་པ་དང་ཟས་སྦྱོར་བྱེད་པར་སྟབས་བདེ་བཟོས་ཡོད། ལྕི་བ་སྐམ་པོ་ནི་འབྲོག་པའི་རྒྱུན་སྤྱོད་ཀྱི་བུད་རྫས་ཀྱི་རིགས་ཤིག་ཡིན། དབྱར་ཀར་ཐོན་དུས་ལྕི་བ་འཐུ་རྒྱུ་སླ་བོ་ཡོད་མོད། དགུན་འཁྱག་རིང་མོར་འདང་དགོས་པས་རྒྱུན་པར་ལྕི་བ་ལྷག་མ་མང་པོ་ཞིག་འཐུ་དགོས་པ་ཡིན།

འགྲེམས་སྟོན་ཁང།

Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.