Skip to main content
བོད་ཀྱི་གླུ་གར་ཁང་།

བོད་ཀྱི་ན་གཞོན་པ་མི་ཉུང་བ་ཞིག་གྲོང་ཁྱེར་ནང་སོང་ནས་བྱ་བ་འཚལ་བཞིན་ཡོད།དེས་ནང་ནས་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་ནི་ན་གཞོན་པ་ཚོའི་བྱ་བ་ལས་སའི་ས་གནས་གཙོ་བོ་ཞིག་རེད།བརྙན་ཐུང་འདིའི་ནང་དུ་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་སྤོ་བྱས་པའི་བོད་ཀྱི་ན་གཞོན་འགའ་ཞིག་གིས་གཉེར་བའི་བོད་ཀྱི་གླུ་གར་ཁང་དང་ཟ་ཁང་སྣ་གཉིས་ཀྱི་གཏམ་རྒྱུད་ཡོད།གཅིག་ནི་སྒྲོལ་མ་ལགས་ཞེས་པ་སྟེ་ཨོ་རྒྱན་བསྟན་འཛིན་གྱིས་གར་སྟེགས་སྟེང་དུ་འཁྲབ་སྟོན་བྱེད་ལ།བུ་ཆུང་དང་འཕེལ་རྒྱལ་གཉིས་ཀྱིས་ལས་ཀ་ལས་བཞིན་ཡོད།གཞན་པ་དེ་ནི་མ་སྐྱེས་ཨ་མ་ཞེས་པ་དེ་ཡིན་ལ།་ཟ་ཁང་འདི་ནི་གྲོང་ཁྱེར་ཞིག་གི་ནང་དུ་བོད་ཀྱི་ཟ་ཁང་སྒོ་འབྱེད་མཁན་ཆེས་ཐོག་མའི་གྲལ་ཡིན།བསོད་ནམས་ཀྱིས་མ་སྐྱེས་ཨ་མའི་ནང་ན་གླུ་དབྱངས་ལེན་བཞིན་ཡོད། བརྙན་ཐུང་འདིའི་ནང་དུ་གཙོ་བོ་བོད་པ་ཚོའི་ཅི་ལྟར་གྲོང་ཁྱེར་ནང་གོ་སྐབས་གསར་བ་བཙལ་བ་དང་ཆབས་ཅིག་སྲོལ་རྒྱུན་རིག་གནས་མུ་མཐུད་དུརྒྱུན་འཛིན་དང་རྒྱུན་འཁྱོངས་བྱེད་པའི་སྐོར་མཚོན་ཡོད།

གཟུགས་མཐོང་བརྙན་པར།

Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.