Skip to main content

ཤུལ་བཞག་རིག་གནས་འགྲེམས་སྟོན་དང་ངོ་སྤྲོད་བྱེད་ཐབས།

ཐེངས་འདིའི་དྲ་ལམ་འཆད་ཁྲིད་ནང་ཨ་རི་ཧྲི་མི་སིན་ཉི་དམངས་སྲོལ་དང་རིག་གནས་ཤུལ་བཞག་ལྟེ་གནསཀྱི་འགྲེམས་སྟོན་ཇུས་འདོན་བ་ལྔ་ཡིས་ཤུལ་བཞག་རིག་གནས་སྐོར་གྱི་ཡིག་ཆ་ཕྱོགས་སྒྲིག་དང་། འགྲེམས་སྟོན་ངོ་སྤྲོད། ཉར་ཚགས་བྱེད་པ་བཅས་ཀྱི་ཐབས་ལམ་མཚམས་སྦྱོར་བྱས་ཡོད་དེ། འཆད་ཁྲིད་འདི་དག་ནི་འགྲེམས་སྟོན་ཇུས་འདོན་བ་ལྔ་ཡིས་ཧྲི་མི་སིན་ཉི་དམངས་སྲོལ་དུས་ཆེན་དང་རིག་གནས་རྒྱུན་མཐུད་རང་བཞིན་གྱི་ལས་གཞི་རབ་དང་རིམ་པ་ཐོན་སྐྱེད་བྱས་པའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་སྡེ་ཁུལ་དུ་ཞུགས་པ་དང་། སྐད་ཡིག་ཕྱིར་འདོན་ལས་འགན། སྣ་མང་ཅན་གྱི་སློབ་གསོ་བཅས་སྐོར་གྱི་དོན་ཐོག་འཁེལ་བའི་ཐབས་ལམ་འཚོལ་ཞིབ་བྱས་ཡོད། འཆད་ཁྲིད་འདི་སློབ་སྦྱོང་བྱེད་མཁན་རྣམས་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་མཁན་དང་ལྟད་མོ་བ་རྣམས་ལ་ཇི་ལྟར་དོན་སྙིང་ལྡན་པའི་འབྲེལ་འདྲིས་བྱེད་རྒྱུར་སློབ་སྦྱོང་བྱ་ཐུབ།

འཆད་ཁྲིད་འདི་དག་ནི་ཀྲུང་གོའི་བོད་ཀྱི་ཤུལ་བཞག་རིག་གནས་ཆེད་ལས་ཤེས་ལྡན་མི་སྣ་ཚོར་ཆེད་མངགས་བསམ་གཞིགས་བྱས་ནས་བཟོས་བ་ཞིག་ཡིན་ཞིང་། དམིགས་ཡུལ་དེའི་ཆེད་དུ་བོད་སྐད་དང་རྒྱ་སྐད་ལ་ཡང་བསྒྱུར་ཡོད།ཡིན་ཡང་འཆད་ཁྲིད་འདིའི་བརྗོད་བྱ་ནི་ས་ཁུལ་གང་རུང་དང་སྐད་རིགས་གང་རུང་གི་ཐོག་ནས་བཀོད་སྤྱོད་བྱེད་འོས།

1. ཧྲི་མི་སིན་ཉི་དམངས་སྲོལ་དུས་ཆེན་དང་དེ་ལས་འདས་བའི་རིག་གནས་བགྲོ་གླེང།

James Deutsch ཡིས་ཧྲི་མི་སིན་ཉི་དམངས་སྲོལ་དུས་ཆེན་ནི་དངོས་མང་བཤམས་སྟོན་ཁང་དག་གིས་ཤུལ་བཞག་རིག་གནས་སྐོར་གྱི་ཡིག་ཆ་ཕྱོགས་སྒྲིག་དང་། འགྲེམས་སྟོན་ངོ་སྤྲོད། ཉར་ཚགས་བཅས་བྱེད་པའི་ཐད་ཀྱི་མ་དཔེ་ལྟར་ངོ་སྤྲོད་བྱས་ཡོད། "རིག་གནས་གླེང་མོལ"ཞེས་བརྗོད་པའི་ནང་དོན་ནི་དམངས་སྲོལ་དུས་ཆེན་གྱི་ཡུལ་སྐོར་བས་དམངས་སྲོལ་དུས་ཆེན་ལ་ནང་ཞུགས་བྱེད་མཁན་གྱི་སྲོལ་རྒྱུན་རྒྱུན་འཛིན་མཁན་དང་ཁོང་ཚོས་མཚོན་པའི་སྡེ་ཁུལ་དེ་དག་གོ་ཐོས་བྱུང་ཡོད་པ་མ་ཟད་མཐོང་ཆེན་བྱེད་ཀྱི་ཡོད་པ་བསྟན་ཡོད། འཆད་ཁྲིད་འདི་སློབ་སྦྱོང་བྱེད་མཁན་རྣམས་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་མཁན་དང་ཁོང་ཚོས་མཚོན་པའི་སྡེ་ཁུལ་སྣ་ཚོགས་རང་གི་རིག་གནས་ཀྱི་བར་སྟོང་དང་བྱེད་སྒོར་ཞུགས་སུ་འཇུག་སྐབས།སྲོལ་རྒྱུན་རྒྱུན་འཛིན་མཁན་དང་ཁོང་ཚོས་མཚོན་པའི་སྡེ་ཁུལ་དག་ལ་ཇི་ལྟར་རང་རང་སོ་སོ་ངོ་སྤྲོད་དང་མཚམས་སྦྱོར་བྱེད་དུ་འཇུག་པ་སོགས་ཀྱི་བྱེད་ཐབས་སྣ་མང་སློབ་སྦྱོང་བྱེད་ཐུབ།

2. ལག་བཟོ་བའི་འགྲེམ་སྟོན་སྟེ། སྡེ་ཁུལ་དེ་དངོས་མང་བཤམས་སྟོན་ཁང་གི་བར་སྟོང་བྱེད་པ།

Diana N’Diaye ཡིས་དངོས་མང་བཤམས་སྟོན་ཁང་གིས་སྡེ་ཁུལ་གྱི་མི་དང་མཉམ་དུ་ཇི་ལྟར་འབྲེལ་བ་ཇེ་ཟབ་དང་མཉམ་ལས་ངང་ལས་གཞི་སྤེལ་པ་དང་། དངོས་མང་བཤམས་སྟོན་ཁང་ཕྱི་རོལ་གྱི་ཉེ་འདབས་ཀྱི་ས་གནས་དང་སྡེ་ཁུལ་དག་སྐུལ་སྤེལ་བྱེད་པ།ཕྱི་ཕྱོགས་དང་ཕན་ཚུན་འབྲེལ་གཏུག་བྱེད་པའི་བར་སྟོང་གསར་པ་སྐྲུན་པའི་ལས་རིམ་སྐུལ་སྤེལ་བྱེད་པ་སོགས་ངོ་སྤྲོད་བྱས་ཡོད། འཆད་ཁྲིད་འདི་སློབ་སྦྱོང་བྱེད་མཁན་རྣམས་ཀྱིས་མང་ཚོགས་ལ་དམིགས་པའི་དཔེ་བཟང་གི་ལག་ཤེས་བཟོ་ལས་པ་དང་རྣམ་པ་སྣ་མང་ལྡན་པའི་མཚོན་བྱེད་རིག་གནས་ཀྱི་འཁྲབ་སྟོན་དང་། རྔམ་སྟོན། གྲོས་བསྡུར་བཅས་ཇི་ལྟར་འདེམས་སྒྲུག་དང་འདོན་སྤྲོད་བྱ་རྒྱུ་སློབ་སྦྱོང་བྱེད་ཐུབ།

3. སྐད་རིགས་ཀྱི་སྣ་མང་རང་བཞིན་དང་ཤུལ་བཞག་རིག་གནས་ཞིབ་འཇུག་དང་འགྲེམས་སྟོན།

Mary Linn གྱིས་རིག་གནས་ཀྱི་འཐུས་ཚབ་རང་བཞིན་དང་གླེང་མོལ་ཁྲོད་སྐད་ཡིག་གི་གལ་ཆེན་རང་བཞིན་ལ་དོ་སྣང་བྱེད་ཀྱིན་ཡོད། མིང་བྱང་དང་ལོ་ཙཱ་མ་ཟད།ལག་ཤེས་པ་དང་སྲོལ་རྒྱུན་རྒྱུན་འཛིན་མཁན་རྣམས་ཀྱི་མ་སྐད་དེ་དུས་སྟོན་དང་དངོས་མང་བཤམས་སྟོན་ཁང་དུ་ནང་འཇུག་བྱེད་པའི་ཐབས་ལམ་གཞན་པ་མང་པོ་ཡོད། འཆད་ཁྲིད་འདི་སློབ་སྦྱོང་བྱེད་མཁན་རྣམས་ཀྱིས་དངོས་མང་བཤམས་སྟོན་ཁང་གི་ཉར་ཚགས་ཕྱོགས་བསྡུས་དང་། འགྲེམས་སྟོན། ལས་གཞི་བཅས་ལ་ཞིབ་འཇུག་བྱས་པ་བརྒྱུད་ཡིག་ཆ་ཕུན་སུམ་ཚོགས་པ་གསར་སྐྲུན་བྱེད་ཐུབ་པའི་ཐབས་ཤེས་སློབ་སྦྱོང་བྱ་རྒྱུ་རེད།རྒྱུ་ཆ་འདི་དག་ནི་མི་རབས་རྗེས་མ་དག་གི་སྐད་ཡིག་གི་དཔྱད་གཞིའི་ཡིག་རིགས་སུ་ཡང་བརྩིས་ན་ཆོག།

4. གནད་ཐོག་འཁེལ་བའི་ངོ་སྤྲོད་དང་འགྲེལ་བཤད་ཀྱི་ཐབས་ལམ་བརྒྱུད་ནས་ཤུལ་བཞག་རིག་གནས་མཚོན་པ།

Marjorie Hunt ཡིས་སྲོལ་རྒྱུན་རྒྱུན་འཛིན་མཁན་སྣ་མང་གིས་རང་ཉིད་ཀྱི་གཏམ་རྒྱུད་བཤད་པ་དང་། རང་ཉིད་ཀྱི་སྐད་སྒྲའི་ཐོག་ནས་གཏམ་བཤད་བྱེད་པ། དོན་སྙིང་ལྡན་པའི"རིག་གནས་གླེང་མོལ"བྱེད་པའི་ངོ་སྤྲོད་དང་འགྲེལ་བཤད་བྱེད་སྟངས་ནུས་ལྡན་ཁ་ཤས་འཚོལ་ཞིབ་བྱས་ཡོད། འཆད་ཁྲིད་འདི་སློབ་སྦྱོང་བྱེད་མཁན་རྣམས་ཀྱིས་ཇི་ལྟར་སྲོལ་རྒྱུན་རྒྱུན་འཛིན་མཁན་དང་གླེང་མོལ་བྱས་ནས་ཁོང་ཚོས་མང་ཚོགས་དང་མཉམ་སྤྱོད་བྱེད་འདོད་པའི་རིག་གནས་དང་སྲོལ་རྒྱུན་གྱི་སྐོར་ལ་སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་བྱས་ཏེ། ཁོང་ཚོ་དང་མཉམ་ལས་བྱས་ནས་ཁོང་ཚོས་བསམ་ཚུལ་དེ་དག་མང་ཚོགས་དང་མཉམ་སྤྱོད་བྱེད་པའི་ཐབས་ལམ་ཡག་ཤོས་གཏན་འཁེལ་བྱ་རྒྱུ་སོགས་སློབ་ཐུབ།

5. ལོ་ན་མི་འདྲ་བའི་སློབ་སྦྱོང་བྱེད་མཁན་རྣམས་ལ་དམངས་སྲོལ་སློབ་ཁྲིད་བྱེད་པ།

Betty Belanus ཡིས་རྒྱ་ཆེའི་ལྟད་མོ་བ་སྤྱི་དང་ལྷག་པར་དུ་བྱིས་པ་དང་ཁྱིམ་ཚང་ལ་སློབ་གསོའི་འཆར་གཞི་དང་དཔྱད་གཞིའི་རྒྱུ་ཆ་ཇི་ལྟར་གཏན་འབེབས་བྱེད་པར་རྟོག་ཞིབ་བྱས་ཡོད། པར་སྐྲུན་དངོས་པོ་དང་། དྲ་ཐོག་གི་ནང་དོན། དྲ་ཐོག་དང་ཡུལ་དངོས་ཀྱི་ལེ་ཚན་བཅས་བརྒྱུད་དེ་ལོ་ན་མི་འདྲ་བའི་མི་རྣམས་ཀྱིས་སྡེ་ཁུལ་རྨང་གཞིར་བྱས་པའི་མཉམ་ལས་ཞིབ་འཇུག་དང་རང་གིས་རང་གི་རིག་གནས་ལ་འཐུས་ཚབ་བྱས་ཆོག། འཆད་ཁྲིད་འདི་སློབ་སྦྱོང་བྱེད་མཁན་རྣམས་ཀྱིས་མི་རབས་མང་པོའམ་ལོ་ན་ཆེ་ཆུང་གང་རུང་གིས་ཤུལ་བཞག་རིག་གནས་ལ་སློབ་སྦྱོང་བྱེད་པའི་ཇུས་གཞི་དང་བྱེད་སྒོ་སྣ་མང་སྤེལ་བའི་ཐད་གྲུབ་འབྲས་ཐོབ་པའི་འཐབ་ཇུས་སློབ་སྦྱོང་བྱ་རྒྱུ་རེད།

རྒྱུ་ཆ་གཞན་པ།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.