Skip to main content
བོད་པའི་ཟས་མཆོག་སྦྲང་དཀར་རྩམ་པ། པར་བ་ས་མཚོ་སྐྱིད།

བོད་པའི་ཟས་མཆོག་སྦྲང་དཀར་རྩམ་པ། པར་བ་ས་མཚོ་སྐྱིད།

  • བོད་ཀྱི་སྲོལ་རྒྱུན་བཟའ་བཏུང་གི་གནས་བབ།
    སྟབས་བདེ་ལ་འཐམ་རྒྱུ་ཡང་ན་རིག་གནས་ལ་མཐོང་ཆེན་བྱེད།


    Read this article in English
    閱讀中文版

    འདས་ཟིན་པའི་ལོ་ཟླ༡༢ནང་ངས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་ཕ་ཡུལ་གྱི་མི་དམངས་ལ་རོགས་སྐྱོར་བྱེད་པའི་འོས་འགན་འཁུར་ཡོད།ང་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་གི་འབྲེལ་མཚམས་དུ་གནས་པའི་གནས་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲོང་ཚོ་ཞིག་སྟེ།ལྷ་སྡེ་ཕྱོགས་པ་བཞིའི་ཡ་གྱལ—ཕུག་སྡེ་གཡང་ལུང་ཕྱུག་མོ་ཞེས་པ་ནས་འཚར་ལོངས་བྱུང་བ་ཡིན།

    དེང་དུས་ཀྱི་བོད་པ་མང་ཆེ་ཤོས་ཀྱིས་་རོང་མ་འབྲོག་གི་འཚོ་བ་རོལ་བཞིན་ཡོད། ངའི་ཕ་ཡུལ་གྱི་སྲོལ་རྒྱུན་ལྟར་ན་ལོ་རེའི་དབྱར་ཁར“ཤིང་སློང་”ཞེས་པའི་དུས་ཆེན་ཞིག་ཡོད་ལ།དེའི་སྐབས་སུ་ང་ཚོའི་སྡེ་བའི་སྡེ་མི་ཡོངས་ཀྱིས་རང་ཁྱིམ་གྱི་པ་ཏྲའི་རི་མོ་བཀོལ་ཡོད་པའི་རས་གུར་ཡངས་པའི་རྩྭ་ཐང་སྟེང་ཕུབ་ནས་ཟླ་ཕྱེད་ལྷག་ལ་འདུག་བཞིན་ཡོད།དགུན་དུས་སུ་ང་ཚོས་རི་སྤོར་ནས་དགུན་སར་ཡོང་སྟེ་ནོ་ལུག་འཚོ་སྐྱོང་བྱས་པ་ཡིན། ང་ཚོའི་སྡེ་བའི་ཁྱིམ་ཚང་མང་ཤོས་ཀྱིས་རང་ཉིད་ཀྱིས་འབྲུ་རིགས་འདེབས་ཀྱི་ཡོད་སྟབས། སྐབས་ལ་ལར་མ་གཏོགས་གྲོང་ཁྱེར་དུ་བཟའ་བཅའ་ཉོ་རུ་འགྲོ་མི་དགོས། (ཧ་ལམ་ཟླ་གཅིག་ལ་ཐེངས་གཅིག་གཉིས་ཙམ་འགྲོ་བ།) ལྟོགས་སྐོམ་ནི་ས་ཆ་འདིར་མཚོན་ན་གནད་དོན་ཞིག་མིན།

    ང་ཚོས་འདེབས་པའི་འབྲུ་རིགས་གཙོ་བོ་ནི་ནས་ཡིན་ལ་དེ་ནི་རིག་གནས་ཤུལ་བཞག་གི་ཆ་ཤས་ཤིག་ཡང་ཡིན། མདོ་དབུས་མཐོ་སྒང་ནས་སྐྱེས་པའི་ནས་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་ལྡན།ཤ་རིགས་དང་མར་ཆུར་གྱི་ཐོན་ཁུངས་གཙོ་བོ་ཡང་མདོ་དབུས་མཐོ་སྒོང་སྟེང་གནས་པའི་ནོར་གནག་གི་ལུས་སྟེང་ནས་བྱུང་བ་ཡིན།ང་ཚོའི་འཐུང་ཆུ་ཡང་རང་བྱུང་གི་ཆུ་མིག་ཡིན་ཏེ་དེའི་ནང་གཏེར་སྣ་མི་འདྲ་བ༣༠༠ལྷག་འདུས་ཡོད། དགའ་འོས་བ་ཞིག་ལ་ང་ཚོའི་སྲོལ་རྒྱུན་གྱི་བཟའ་བཏུང་ནང་ལ་མངར་ཆ་འདུས་ཚད་ཧ་ཅང་ཉུང་ལ། འོན་ཀྱང་གནད་དོན་འབའ་ཞིག་ཡོད་པ་ནི་སྔོ་ཚལ་དཀོན་ལ་ལྷག་པར་དུ་དགུན་དུས་སུ་གནས་ཚུལ་ཏེ་ཚབས་ཆེན་ཡིན། ང་ཚོའི་ས་ཆའི་ཉིན་རེའི་ཚད་ལྡན་གྱི་བཟའ་བཅའ་ནི་འདི་ལྟར་སྟེ།

    • ཞོགས་ཟས་ནི་འབྲི་མོའི་འོ་ཇ་དང་རྩམ་པ། རྟུལ་མ་དང་གོ་རེ་སོགས་ཡིན།
    • གུང་ཟས་སྔོན་ཆད་འབྲོག་རར་ཕྱུགས་འཚོ་བའི་རྐྱེན་གྱིས་ངོས་ནས་བཤད་ན་དགུང་ཟས་ཟ་བ་སྟེ་ཧ་ཅང་ཉུང་ཉུང་ཡིན། རྒྱུན་དུ་ རྩམ་པ་དང་ཞོ་ཙམ་ཟས་པ། གལ་ཏེ་ཁྱིམ་ན་ཡོད་ན། ་སྔོ་ཚལ་བརྔོས་མ་དང་འབྲས་སོགས་སྡེབ་ནས་ཟས།
    • ནུབ་ཟས་ནི་ལུག་ཤ། ཕག་ཤ། སྐམ་ཤ་དང་སྔོ་ཚལ་སོགས་དེ་དཔེར་ན་ཙོང་དང་ཀུན་ཐལ། ཞོག་ཁོག་བཅས་མཉམ་དུ་རྔོས་ནས་ཕྱེ་ཐུག་སོགས་སྐོལ་བ་ཡིན།
    Tibetan food
    པར་བ་ས་མཚོ་སྐྱིད།
    Tibetan food
    པར་བ་ས་མཚོ་སྐྱིད།

    དུས་རབས་འགའ་ཞིག་གི་རིང་ལ་བོད་མི་རིགས་ཀྱིས་འདི་ལྟ་བའི་བཟའ་བཏུང་ལ་བརྟེན་ནས་འཚོ་བ་རོལ། དེང་རབས་ཅན་དང་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་ལས་བཟའ་བཅའ་དང་བཟོ་རྩལ་གསར་པ་ནང་འདྲེན་བྱས་པ་དེས་ང་ཚོའི་སྲོལ་རྒྱུན་གྱི་བཟའ་བཏུང་བྱེད་སྟངས་ལ་འགྲན་སློང་ཆེན་པོ་བྱུང་།མི་རིགས་ཤིག་གིས་སྲོལ་རྒྱུན་གྱི་བཟའ་བཏུང་བོར་དུས་དེའི་རིག་གནས་ཀྱི་ཆ་ཤས་ཞིག་ཀྱང་བོར་ཡོད་དེ། ཁོར་ཡུགས་དང་ས་ཁམས་ཤེས་བྱ། ཟ་ཆོག་པའི་རྩི་ཤིང་གི་སྐྱེས་ས། ཡང་ན་ཟས་རྒྱུ་འདི་དག་ཅི་ལྟར་གཡོས་སྦྱོར་བྱ་རྒྱུ། ས་རྒྱུ་དང་རྨོ་འདེབས་ས་ཞིང་ཅི་ལྟར་བདག་སྐྱོང་བྱ་རྒྱུ་སོགས་ཕྱོགས་ཡོངས་ནས་ལྟས་ཚེ།ཐ་ན་ཡང་སྲོལ་རྒྱུན་གྱི་ཟས་རིགས་ཀྱི་ཐ་སྙད་ཀྱང་མང་པོ་ཤོར་ངེས་རེད།

    དེར་བརྟེན།ངས་མི་རྣམས་ལ་སྲོལ་རྒྱུན་གྱི་བོད་ཀྱི་རིག་གནས་དང་བདེ་ཐང་འཚོ་བཅུད་ཀྱི་བཟའ་བཏུང་དང་ལེན་དང་སློབ་ཁྲིད་བྱས་ནས་གནད་དོན་དེ་དག་ཐག་གཅོད་བྱ་རྒྱུ་ཐག་གིས་བཅད།སྤྱི་ལོ༢༠༡༤ལོར་ངས་ཡུན་ནན་བདེ་ཆེན་སེམས་ཀྱི་ཉི་ཟླ་ནས༼སེམས་ཀྱི་ཉི་ཟླ་རིག་གནས་དར་སྤེལ་སློབ་ཚོགས༽ཤིག་བཙུགས་ཡོད།

    འདས་ཟིན་པའི་ལོ་ལྔའི་ནང་ངས་སློབ་གྲྭ་དང་། སྨན་བཅོས་ཁང་།   སྨན་པ།་གྲོང་ཚོ་བཅས་མང་པོ་དང་མཉམ་འགྲེལ་བྱས་ཏེ་བདེ་ཆེན་དང་ཨ་མདོ་ས་ཁུལ་གྱི་བོད་རིགས་གྲོང་ཚོར་འཚོ་བཅུད་ཀྱི་ཤེས་བྱའི་འཆད་ཁྲིད་གནང་བ་ཡིན། ངའི་རོགས་སྐྱོར་བྱེད་ཡུལ་གཙོ་བོ་ནི་བུད་མེད་དང་བྱིས་པ་ཡིན་སྟེ། རྒྱུ་མཚན་བུད་མེད་ནི་ཁྱིམ་ཚང་གི་ཀ་ལྟ་བུ་ཡིན་པ་དང་བྱིས་པ་ནི་མ་འོངས་པའི་སྤྱི་ཚོགས་ཀྱི་རེ་བ་ཡིན། བུད་མེད་ཀྱི་བདེ་ཐང་སློབ་གསོ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་མོད། འོན་ཀྱང་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་བུད་མེད་ཀྱི་བདེ་ཐང་སྐོར་གླེང་བ་དེ་ནི་འཛེམ་བྱ་ཞིག་ཡིན། (ངས་ངའི་ཟླ་མཚན་ཐེངས་དང་པོ་ཇི་ལྟར་ཐག་གཅོད་བྱེད་དགོས་པ་མི་ཤེས། ཐ་ན་ངས་དེ་གླེང་ན་ཡང་མི་འགྲིག) འོན་ཀྱང་། བུད་མེད་ཚོས་འཚོ་བཅུད་གླེང་རྒྱུ་ནི་ལས་སླ་མོ་ཞིག་ཡིན་པ་མ་ཟད། འཚོ་བཅུད་དང་བདེ་ཐང་ནི་གཅིག་ལ་གཅིག་བརྟེན་ཞིག་ཡིན་པས་དེ་ནི་ཕན་བདེའི་ཁྱབ་ཁོངས་གཞན་དག་གླེང་བའི་བྱེད་ཐབས་ཞིག་ཡིན།

    Tibetan nutrition workshops
    བུད་མེད་སྲོལ་རྒྱུན་གྱི་བོད་རིགས་འཚོ་བཅུད་བགྲོ་གླེང་ཚོགས་འདུར་ཞུགས་པ།
    པར་བ་ས་མཚོ་སྐྱིད།

    ང་ལ་བྱིས་པ་དང་པོ་ཆགས་སྐབས་ངས་དཀར་ཟས་ཟས་ནས་ལོ་དྲུག་ཕྱིན་སོང་། ང་དང་ངའི་བྱིས་པའི་བདེ་ཐང་གི་ཆེད་དུ། སྨན་པས་ང་ལ་ཡང་བསྐྱར་དམར་ཟས་བཟའ་རྒྱུའི་བསམ་འཆར་བཏོན། ངས་ཤེས་པ་ལྟར་ན་ཆ་སྙོམས་ཀྱི་བཟའ་བཏུང་ནི་བདེ་ཐང་ངང་མངལ་ཆགས་པའི་གཞི་མ་ཡིན། ང་ཚོའི་ལུས་ཕུང་ལ་སྤྲི་དཀར་རྫས་སྣ་ཚོགས་འཛོམས་ཚེ་ལུས་ཕུང་དེ་ད་བཟོད་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་ཐུབ། ཤ་རིགས་དང་ཉ་རིགས་ལ་སྤྲི་དཀར་རྫས་མི་འདྲ་བ་མང་པོ་ཡོད་ལ། སྤྲི་དཀར་འདི་དག་ནི་བདེ་ཐང་ལ་ངེས་པར་དུ་མཁོ་བ་ཞིག་ཡིན། སྔོ་ཚལ་ལ་ཡང་སྤྲི་དཀར་རྫས་ཡོད་མོད། འོན་ཀྱང་ང་ཚོས་ངེས་པར་དུ་སྔོ་ཚལ་སྣ་ཚོགས་སྡེབ་སྒྲིག་ལེགས་པོ་བྱེད་དགོས་པར་མ་ཟད། ད་དུང་མང་པོ་བཟས་ན་ད་གཟོད་ལུས་ཕུང་ལ་མཁོ་བའི་སྤྲི་དཀར་ཡོད་ཚད་ཁ་གསབ་བྱེད་ཐུབ། ཡིན་ཡང་། ང་ཚོ་སྔོ་ཚོད་དཀོན་པའི་མཐོ་སྒང་ན་གནས་དུས་སྦྲུམ་མས་ཤ་ཟོས་ནས་སྤྲི་དཀར་རྫས་ཁ་གསབ་བྱེད་པ་ནི་ལས་ཆོག་ཆོག་ཡིན།

    ང་ལ་ཚོན་ན་སློབ་གྲྭ་དང་མཉམ་འབྲེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། དེ་ལྟར་བྱས་ན་བྱིས་པ་རྣམས་ཀྱིས་ཀྱང་བདེ་ཐང་གི་བཟའ་བཏུང་སྐོར་སྦྱོང་ཐུབ། ཤེས་གསལ་ལྟར་ན། སློབ་ཆུང་སློབ་མ་མང་པོ་ཞིག་ལ་ཟ་མའམ་ཡང་ན་ཞོར་ཟས་མཁོ་འདོན་བྱེད་པ་འགོ་རྩམ། དཔེར་ན་བག་ལེབ་མངར་མོ་དང་འོ་མ་མངར་མོ་ཁུག་མ་གང་ལྟ་བུ། ངས་ཀྱང་བྱིས་པའི་ཞོར་ཟས་ལས་བྱུང་བའི་ནད་གཞི་གསར་པར་དོ་སྣང་བྱེད་འགོ་ཚུགས། དཔེར་ན་སོ་རུལ་བ་དང་། ལྗིད་ཚད་ལས་བརྒལ་བ། ཐ་ན་འཚོ་བཅུད་ཞན་པ་སོགས་བྱུང་། དེ་དག་གིས་ངས་སློབ་གྲྭ་མང་པོ་ཞིག་ཏུ་བདེ་ཐང་བཟའ་བཅའ་འགྲེལ་བཤད་བྱེད་པའི་གལ་ཆེའི་རང་བཞིན་མངོན་ཡོད།

    བྱིས་པའི་ཚོགས་སྤྱིའི་ཁྲོད་དུ་དེང་རབས་ཀྱི་ཞོར་ཟས་ཧ་ཅང་ཡག་པོ་ཞིག་དུ་ངོས་འཛིན་བྱེད་ཀྱི་ཡོད། མཐོ་སྒང་གི་མི་རིགས་ཤིག་ཡིན་པའི་ཆ་ནས་ཕ་མ་ཚོས་ཟས་རིགས་འདི་དག་ཅིའདྲའི་བདེ་ཐང་མིན་པ་མི་ཤེས། གལ་ཏེ་བྱིས་པ་ཚོས་སློབ་གྲྭ་ནས་རྣམ་འགྱུར་བཟང་ན། སྐོམ་ཆུ་སྣ་ཚོགས་དང་སྟབས་བདེ་ཐུག་པ། ཡང་ན་ཕྱེ་རྒྱུ་ལས་སྣོན་བྱེད་པ་དང་། ཐ་ན་ཁ་ཚའི་རིགས་ཁོ་ཚོའི་བྱིས་པར་བྱ་དགའ་སྟེར་བ་རེད། ཞོར་ཟས་དེ་ཡང་སྲོལ་རྒྱུན་གྱི་རྟེན་འབྲེལ་བྱེད་སྒོའི་ནང་ཞུགས་ཡད་དེ། དཔེར་ན་ལོ་གསར་སྐབས་རྒན་པ་ཚོས་མས་ལས་ཞོར་ཟས་སྣ་ཚོགས་ཉོ་རྒྱུར་གོམས་ནས་བྱིས་པ་ཚོར་ཀ་ར་དང་ཐཱན་སྐྱུར་བཏུང་བྱ་ལེགས་སྐྱེས་སུ་འབུལ་གྱིན་ཡོད།

    ཀྲུང་གོའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དེས་འགྱུར་ལྡོག་དེ་མངོན་སུམ་ཞིག་ཏུ་གྱུར་ཡོད། ང་ཚོ་རྒྱུན་དུ་ཚོང་ཁང་དུ་སོང་ནས་ཚོང་ཁང་ནང་དུ་ཐོན་རྫས་གསར་པ་སྣ་ཚོགས་དང་ཐ་ན་ཕྱི་རྒྱལ་གྱི་ཐོན་རྫས་གསར་པ་ཡོད། ད་ལྟ་མི་མང་པོ་ཞིག་ལས་སྣོན་ཟས་རིགས་ལ་བརྟེན་ཡོད།སྟབས་བདེ་རིག་གནས་ནི་ཧ་ལས་པའི་མྱུར་ཚད་ཀྱིས་ང་ཚོའི་འཚོ་བའི་ཕྱོགས་གང་སར་ཁྱབ་ཡོད། མི་མང་པོ་ཞིག་གིས་ལས་སྣོན་བཟའ་བཅའ་ཉོ་རྒྱུ་ནི་གྲུབ་འབྲས་ཞིག་དང“དུས་བསྟུན་མདུན་སྐྱོད”ཀྱི་མཚོན་ཚུལ་ཞིག་ཡིན་པར་བསམ་ཡོད། རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་བཟའ་བཅའ་ཁོ་ན་ཟ་མཁན་ཚོར་མཐོང་ཆུང་བྱེད་ཀྱི་ཡོད། དེས་དེང་རབས་ནུབ་ཕྱོགས་ཟས་རིགས་འཕྲོད་རྒྱུར་སྤྱི་ཚོགས་ཀྱི་གནོན་ཤུགས་ཤིག་བྱིན་ཡོད།

    འདིར་ངས་དར་སྤེལ་གཏོང་རྒྱུ་ནི་བོད་རིགས་ཀྱི་སྲོལ་རྒྱུན་བཟའ་བཅའི་རྒྱུ་ཆ་དང་། བཟའ་བཅའ། རྩྭ་སྨན་བཅས་ཀྱི་རིན་ཐང་ཡིན། ས་འདིར་བཟའ་བཅའ་མང་ཆེ་བ་རང་བྱུང་ལས་བྱུང་བ་དང་འཚོ་བཅུད་ཕུན་སུམ་ཚོགས་པ་དང་ལས་སྣོན་ཅི་ཡང་བྱེད་མེད་ཀྱང་དེ་ནི་ང་ཚོའི་རིག་གནས་ཤུལ་བཞག་གི་ཆ་ཤས་ཤིག་ཡིན། ངས་ཀྱང་ས་གནས་དེ་གའི་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་ང་ཚོའི་ཁོར་ཡུག་ལ་ཕན་ཐོགས་ཡོད་པར་ཡིད་ཆེས་ཡོད། མཚོ་བོད་ས་མཐོའི་ས་ཁུལ་ཁ་ཤས་སུ་དཔེར་ན་ང་ད་ལྟ་སྡོད་སའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་འཚོ་བཅུད་ཕུན་སུམ་ཚོགས་པའི་བཟའ་ཆོག་པའི་རྩྭ་རྩི་ཤིང་ཡོད་པ་དང་། སྲོལ་རྒྱུན་གྱི་དོན་སྙིང་སྟེང་ནས་བཤད་ན་དེ་དག་ནི་སྔོན་ཆད་ཁ་གསབ་བྱེད་སྤྱད་ཀྱི་བཟའ་བཏུང་ཡིན་མོད། འོན་ཀྱང་ད་ལྟ་བརྗེད་པའམ་ཕྱིར་འཚོང་བྱས་པ་ལས་ཟ་ཀྱིན་མེད།

    Tibetan nutrition workshops
    བོད་ཀྱི་བྱིས་པ་སྲོལ་རྒྱུན་གྱི་བོད་རིགས་འཚོ་བཅུད་བགྲོ་གླེང་ཚོགས་འདུར་ཞུགས་པ།
    པར་བ་ས་མཚོ་སྐྱིད།

    ང་ལོ་དང་པོར་གྲོང་ཚོ་མང་པོར་འཚོ་བཅུད་ཤེས་བྱ་དེ་དག་འཆད་ཁྲིད་བྱེད་པར་འགྲོ་སྐབས་མི་རྣམས་ཀྱིས་དོགས་པ་ཆེན་པོ་བྱས། ཐ་ན་མི་འགའ་ཞིག་ཁོང་ཁྲོ་ལངས་བ་ཡིན། ལོ་གསུམ་པར་སླེབས་སྐབས་མི་མང་པོ་ཞིག་གིས་དོན་དངོས་ཐོག་ཉན་པ་དང་མོས་མཐུན་བྱེད་འགོ་ཚུགས།

    1. ཚང་མས་ལྷག་ཏུ་གོ་བ་ལེན་བདེ་བའི་ཆེད་དུ་ངས་ཟས་རིགས་མི་འདྲ་བ་རིགས་ལྔ་ལ་བགོས་ནས་སློབ་ཁྲིད་བྱས།
    2. ༡ནུས་ཚད་རང་བཞིན་ལྡན་པའི་ཟས་རིགས་ཡང་ན་ཐན་ཆུ་འདྲེས་འགྱུར་རྫས། དཔེར་ན་རྩམ་པ་དང་བག་ལེབ། རྒྱ་ཐུག་སོགས་ཞོགས་པར་ཟས་ན་ཉིན་གང་བོར་མཁོ་བའི་ནུས་ཚད་འདོན་སྤྲོད་བྱེད་ཐུབ།
    3. ༢འཚར་ལོངས་རང་བཞིན་གྱི་ཟས་རིགས་དང་སྤྲི་དཀར་རྫས་ཏེ། དཔེར་ན་ཤ་རིགས་དང་འོ་མ། ཆུར་བ། ཉ་རིགས་སོགས་ཀྱིས་གཟུགས་སྐྱེ་པ་དང་རུས་པ་སྲ་མོར་གྱུར་ཐུབ་པ།
    4. ༣སྲུང་སྐྱོང་རང་བཞིན་གྱི་བཟའ་བཅའ་གཙོ་བོ་སྔོ་ཚལ་དང་སིལ་ཏོག་སོགས་ཡིན། འདི་དག་གིས་འཚོ་བཅུད་དང་གཏེར་རྒྱུ་སྐྲུན་ནས་ནད་རིགས་སྔོན་འགོག་བྱེད་ཐུབ།
    5. ༤སླར་གསོ་རང་བཞིན་གྱི་ཟས་རིགས། དཔེར་ན་སྣུམ་དང་ཚིལ་དང་ས་བོན་སྣ་ཚོགས་ཀྱི་སྣུམ་སོགས་སྐྲ་དང་སྐྱི་མོ་སེན་མོ་སོགས་སླར་གསོ་བྱེད་པར་ཕན།༥ཞོར་ཟས་ཀྱི་རིགས། དཔེར་ན་སྣུམ་བཙོས་ཟས་རིགས་དང་བཏུང་བྱ་མངར་མོ། ལས་སྣོན་ཟས་རིགས། (འདིར་བརྗོད་གཞི་འདི་ཞིབ་མོའི་ངང་མི་གླེང་།)

    ང་རང་ཉིད་དུས་ཡུན་རིང་པོར་རོགས་སྐྱོབ་ཚོགས་པའི་ནང་ལས་ཀ་སྒྲུབ་བཞིན་ཡོད་པས་ང་ཨ་རིའི་རྒྱལ་ཚོགས་ཀྱིས་རྩ་འཛུགས་བྱེད་པའི་ཆེད་ལས་ཤེས་ལྡན་མི་སྣའི་རྣམ་གྲངས་ནང་ཞུགས་རྒྱུའི་གོ་སྐབས་བྱུང་། འཛམ་གླིང་གི་ས་གནས་སོ་སོར་ནས་ཡོང་བའི་ཆེད་ལས་མི་སྣ༣༠༠ལྷག་ཙམ་དང་སྤེལ་རེས་སློབ་སྦྱོང་བྱས། དེ་བས་གླེང་རིན་ཡོད་པ་ཞིག་ནི་ང་ཨ་རིའི་ལྷོ་ནུབ་ཀྱི་ཧྥོ་ཅི་ཉི་ཡ་ཨ་རིའི་བཀྲེས་ལྟོགས་ཚོགས་པ་ལ་འཚོ་བཅུད་ཐད་སྤེལ་བའི་འབྲེལ་ཡོད་ལས་དོན་ཤེས་རྟོགས་དང་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་། བ་སྐབས་དེར་ངས་ཁོ་་ཚོའི་གུང་ཟས་དང་སློབ་ཚན་གྲོལ་རྗེས་ཟ་མ་ཟ་བའི་རྣམ་གྲངས་ཀྱི་འཁོར་སྐྱོད་མཐོང་བྱུང་། ཁོང་ཚོས་བྱིས་པ་་ཚོར་བཀོད་སྒྲིག་བྱས་པའི་འཚོ་བཅུད་བཟའ་བཅའ་དཔེར་ན་བསིང་ཕྱེ།སྤྲི་དཀར་རྫས་དང་སྔོ་ཚལ། ད་དུང་ཤིང་ཏོག་བཅས་སྡེབ་སྦྱོར་བྱས་པ་མཐོང་། ཁོ་ཚས་་བྱིས་པ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཁྲོད་འཚོ་བཅུད་དང་བདེ་ཐང་ཐད་དོ་འཁུར་བྱེད་པ་མཐོང་རྗེས། ང་ལ་འཚོ་བཅུད་ཟས་རིགས་ཐད་ལྟ་སྟངས་མི་འདྲ་བ་ཡང་བྱུང་།

    འཚོ་བཅུད་བདེ་ཐང་ནི་སྤྲོ་སྣང་ལྡན་ལ་འགྲན་སློང་གིས་ཁེངས་པའི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་འོག་བདེ་ཐང་གི་ལྟ་བ་མི་འདྲ་བ་ཤེས་རྟོགས་བྱེད་དགོས་པ་དང་། ཐ་ན་སྨན་པས་ཕན་ཚུན་འགལ་བའི་བསམ་འཆར་ཡང་འདོན། ཨ་རིའི་ལྷོ་ནུབ་ཀྱི་ཧྥུ་ཅི་ཉི་ཡ་ནས་ཨ་རིའི་བཀྲེས་ལྟོགས་ཚོགས་པས་ཚིལ་མེད་འོ་མ་འཐུང་རྒྱུ་དར་སྤེལ་བྱས་པ་དང་། ང་ཚོས་ཀྱང་འོ་ཁ་ལྡན་པའི་འོ་མའི་ནང་ང་ཚོར་མཁོ་བའི་སྤྲི་དཀར་དང་། འཚོ་བཅུད། གཏེར་རྫས་བཅས་འདུས་ཡོད་པར་ཡིད་ཆེས་བརྟན་པོ་ཡོད། མི་ལ་ལས་དཀར་ཟས་ནི་ཆེས་བདེ་ཐང་གི་བཟའ་བཏུང་ཡིན་པར་འདོད་མོད། འོན་ཀྱང་ང་ཚོའི་འདི་ནས་ཚོང་རའི་ནང་གི་ཟས་རིགས་ལ་ཞིང་སྨན་སྤྱོད་ཡོད་མེད་ཤེས་དཀའ། གལ་ཏེ་ཁོ་ཚོས་དངོས་གནས་ཚབས་ཆེན་གྱི་ཞིང་སྨན་བཀོལ་སྤྱོས་བྱས་ཡོད་ན། ངས་སྔོ་ཚོད་ཟས་ན་བཟང་མིན་དེ་ཐག་གཅོད་བྱེད་དཀའ། ཤ་རིགས་ཉུང་ངུ་ཞིག་གིས་བཟའ་བཏུང་དོ་མཉམ་མཁོ་སྤྲོད་བྱེད་ཐུབ་མོད། འོན་ཀྱང་སྲོག་ཆགས་ལ་རྒྱུན་དུ་སྐུལ་རྩི་དང་སྐྱེ་འགོག་རྫས། རྫས་འགྱུར་དངོས་པོ་གཞན་དག་གིས་གསོ་བཅོས་བྱེད་པ་དང་། ཡང་ན་གད་སྙིགས་ལྡུད་པ། ཐ་ན་སྐྱེ་འདེད་རྒྱུ་བཀོལ་བཞིན་ཡོད།

    བདེ་ཐང་གི་སྐོར་ལ་ངས་ད་དུང་སློབ་སྦྱོང་བྱེད་དགོས་མང་པོ་ཡོད། འོན་ཀྱང་། གལ་ཏེ་ང་ཚོ་གནམ་གཤིས་ཤིན་པོ་དང་ཐོན་རྫས་ཕུན་སུམ་ཚོགས་པའི་ས་ཆ་ཞིག་ཏུ་འཚོ་སྡོས་བྱས་ཡོད་ཚེ། དེའི་ཁྱད་པར་་གྱི་གནས་སའི་ང་ཚོའི་རིག་གནས་ཁྲོད་རང་སྟེང་ནས་སྔོ་ཚལ་སོགས་ཇི་ལྟར་འདེབས་འཛུགས་དང་གསོ་ཚགས་བྱེད་པའི་ཤེས་བྱ་འདུས་ཡོད་ན་ང་ཚོས་ཡང་ཟས་རིགས་གཞན་པ་ཟ་བའི་རྒྱུ་མཚན་མེད་པ་འདྲ།

    ས་མཚོ་སྐྱིད་ནི་རྒྱལ་ཐང་རིག་གནས་དར་སྤེལ་སློབ་ཚོགས་ཀྱི་རྩ་འཛུགས་མཁན་ཡིན། ཁོ་མོར་བོད་ཤར་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རིན་ལ་བསྡད་དུས་བྱ་གཞག་གསར་གཏོད་ཀྱི་རྣམ་གྲངས་མང་པོར་ཇུས་འགོད་དོ་དམ་བྱེད་མྱུང་།


  • Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

    .